ལི་ཐང་རྫོང་གིས་ཐུམ་འབུའི་ནད་ཀྱི་ཕྱོགས་བསྡུས་འགོག་བཅོས་ཀྱི་འགག་སྒྲོལ་གཡུལ་འཁྲུག་སྤེལ་འགོ་ཚུགས།

རྣམ་དཀར་ལྷ་མོས་བསྒྱུར། རྩོམ་སྒྲིག་པ།རྣམ་དཀར་ལྷ་མོ།ཡོང་ཁུངས།སི་ཁྲོན་གསར་འགྱུར་དྲ་བ། སྤེལ་དུས། 11-20


         སྤྱི་ཟླ་11པའི་ཚེས་17ཉིན་གྱི་ཉིན་གུང་། ལི་ཐང་རྫོང་གེ་སར་ཐང་ཆེན་གྱི་LEDབརྙན་ཤེལ་ཐོག་གཏོང་བཞིན་པའི་ཐུམ་འབུའི་ནད་ཀྱི་ཕྱོགས་བསྡུས་འགོག་བཅོས་ཤེས་བྱ་ལས་མཐའ་འཁོར་མང་ཚོགས་ཀྱི་དོ་ཁུར་བྱས། འདི་ནི་རྫོང་དེ་གས་ཐུམ་འབུའི་ནད་ཀྱི་ཕྱོགས་བསྡུས་འགོག་བཅོས་ཀྱི་འགག་སྒྲོལ་སྐུལ་སློང་བཀོད་སྒྲིག་ཚོགས་འདུའི་རྗེས་ཀྱི་བྱ་ཐབས་ཆུང་ཆུང་ཞིག་ཡིན། 

         ལི་ཐང་རྫོང་གི་ཐུམ་འབུའིི་ནད་ཀྱི་ཕྱོགས་བསྡུས་འགོག་བཅོས་ཀྱི་འགག་སྒྲོལ་གཡུལ་འཁྲུག་བྱ་སྤྱོད་ཀྱི་ལག་བསྟར་ཇུས་གཞི་(2016-2020ལོ)ལྟར་ན། རྫོང་དེ་གས་ཐུམ་འབུའི་ནད་ཀྱི་ཕྱོགས་བསྡུས་འགོག་བཅོས་དང་གནད་སྨིན་དབུལ་སྐྱོར། དགོན་པའི་དོན་དམ་ཟུང་གཅིག་ཏུ་སྦྲེལ་ཏེ་འགོ་ཁུངས་ཚོད་འཛིན་དང་འགོས་ཁྱབ་ཀྱི་ཕྲེང་བ་འགོག་གཅོད་བྱེད་པ། ནད་པར་བརྟག་དཔྱད་དང་ནད་བཅོས་བྱེད་པ། དབུལ་ཕོངས་ནད་པར་སྨན་བཅོས་རོགས་སྐྱོར་སོགས་ཀྱི་ཕྱོགས་བསྡུས་འགོག་བཅོས་བྱ་ཐབས་སྤྱད་དེ་ཤུགས་ཆེན་པོའི་སྒོས་ནད་ཁྱི་མེད་པར་བཟོ་བ་དང་ནད་པར་སྨན་བཅོས་བྱེད་པ། འབྱོར་འབྲིང་སྤྱི་ཚོགས་སུ་སྐྱོད་པའི་བྱེད་སྒོ་སྤེལ་བར་བརྒྱུད་རྫོང་ཡོངས་ཀྱི་འགོག་བཅོས་ལས་ཀར་སྐུལ་འདེད་བྱེད་ནས་ཐུམ་འབུའི་ནད་ཀྱི་ནད་འཕར་ཚད་ལ་ཚོད་འཛིན་དང་། མང་ཚོགས་ཀྱི་ལུས་ཕུང་བདེ་ཐང་ལ་འགན་སྲུང་ཐོབ་པ། མང་ཚོགས་དབུལ་ཕོངས་ལས་གྲོལ་བ། ཐུམ་འབུའི་ནད་པ་དང་རྫོང་ཡོངས་ལ་ཐུན་མོང་དུ་ཁྱོན་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་མངོན་འགྱུར་བྱུང་བར་སྐུལ་འདེད་བྱས། 

   ལི་ཐང་རྫོང་གི་ཐུམ་འབུའི་ནད་ཀྱི་ཕྱོགས་བསྡུས་འགོག་བཅོས་ཀྱི་འགག་སྒྲོལ་གཡུལ་འཁྲུག་གི་སྤྱིའི་དམིགས་འབེན་ནི་2017ལོའི་ཚུན་དུ་རྫོང་ཡོངས་ཀྱི་ཐུམ་འབུའི་ནད་ཀྱི་རིམས་ནད་གནས་ཚུལ་ལ་ནུས་ལྡན་སྒོས་བཀག་འགོག་ཐུབ་པ་དང་2020ལོར་གཞི་ནས་ཐུམ་འབུའི་ནད་ལ་ཚོད་འཛིན་ཐུབ་པ་དེ་ཡིན། ལོ་5ཡི་དུས་ཚོད་ལ་ཐུམ་འབུའི་ནད་ཅན་གྱི་ནད་པ་མང་ཆེ་བའི་ཡུལ་ཤོག་དང་གྲོང་རྡལ་གཙོ་བྱས་ཏེ་རྫོང་ཡོངས་སུ་ཁེབས་པའི་གཅིག་བསྡུས་ཀྱིས་ཐུམ་འབུའི་ནད་ཀྱི་འགོག་བཅོས་འགག་སྒྲོལ་གཡུལ་འཁྲུག་སྤེལ་རྒྱུ་སྟེ་དུས་རིམ་གསུམ་ལ་དབྱེ་ནས་ནན་གྱིས་སྤེལ་རྒྱུ་རེད།

   ལི་ཐང་རྫོང་གིས་ཐུམ་འབུའི་ནད་ཀྱི་ཕྱོགས་བསྡུས་འགོག་བཅོས་ཀྱི་འགག་སྒྲོལ་གཡུལ་འཁྲུག་ལས་སྒོ་ཁྱིའི་ཚད་ལྡན་དོ་དམ་དང་སྒོ་ཕྱུགས་བར་གྱི་འགོས་ཁྱབ་ཚོད་འཛིན། ཨ་བྲ་གསོད་དེ་རྩྭ་ཐང་འཛུགས་སྐྲུན་དང་དམངས་ཡོངས་ལ་བདེ་ཐང་སློབ་གསོ། དེ་མིན་བདེ་ཐང་གི་ཀུན་སྤྱོད་བཟང་པོ་སྐྱོང་རྒྱུ་དང་འཐུང་ཆུའི་བདེ་འཇགས། གྲལ་བཤེར་ནས་སྨན་བཅོས་དང་དབུལ་སྐྱོར་རོགས་བཅོས། དགོན་པའི་གྲྭ་བཙུན་གྱི་ཐུམ་འབུའི་ནད་ཀྱི་ཕྱོགས་བསྡུས་འགོག་བཅོས་ཀྱི་ཆེད་ཚན་ཆེན་མོ་དྲུག་གི་བྱེད་སྒོ་བཅས་རིམ་པ་བཞིན་སྤེལ་རྒྱུ་རེད། རྫོང་སྤྱི་བདེ་ཅུས་དང་རྫོང་ཞིང་འབྲོག་དང་ཚན་རྩལ་ཅུས་ཀྱིས་རྫོང་དེ་གའི་དོན་དངོས་དང་ཟུང་འབྲེལ་བྱེད་དེ་《ལི་ཐང་རྫོང་སྒོ་ཁྱིའི་ཚད་ལྡན་དོ་དམ་བྱ་ཐབས།》དང་《ལི་ཐང་རྫོང་སྒོ་ཕྱུགས་ཚད་ལྡན་བཤའ་གསོད་དོ་དམ་བྱ་ཐབས།》བཅས་སོ་སོ་གཏན་ལ་ཕབ་ཏེ། རྫོང་ནོར་སྲིད་ཅུས་ཀྱིས་ཐུམ་འབུའི་ནད་ཀྱི་འགོག་བཅོས་འགྲོ་གྲོན་དེ་ལོ་གཅིག་གི་སྔོན་རྩིས་སུ་བཅུག རྫོང་འཕྲོད་བསྟེན་དང་འཆར་ལྡན་བུ་བཙའ་ཅུས། རྫོང་ཞིང་འབྲོག་དང་ཚན་རྩལ་ཅུས། རྫོང་ནགས་ལས་ཅུས་བཅས་ཀྱིས་མིའི་བར་དང་སྒོ་ཕྱུགས་ཀྱི་བར་གྱི་རིམས་ནད་དང་འགོས་ཁྱབ་དང་རི་སྐྱེས་སྲོག་ཆགས་ཀྱི་གནས་བདག་གི་ལྟ་ཞིབ་ཚད་ལེན་ལ་ཤུགས་སྣོན་བྱ་རྒྱུ། སྲོག་ཆགས་ཀྱི་རིམས་ནད་ཁྱབ་བཤེར་སྤེལ་ཏེ་འཐུས་ཚང་གི་རྫོང་ཡོངས་ཀྱི་ཐུམ་འབུའི་ནད་ཀྱི་རིམས་ནད་གནས་ཚུལ་གྱི་ལྟ་ཞིབ་ཚད་ལེན་མ་ལག་འཛུགས་ནས་དུས་ཐོག་ཏུ་རིམས་ནད་གནས་ཚུལ་ཁོང་དུ་ཆུད་པ་དང་། འགོས་ཁྱབ་གནས་ཚུལ་ལ་སྔོན་དཔག་བྱེད་ནས་ཚན་རིག་དང་མཐུན་པའི་སྒོས་འགོག་བཅོས་ནུས་པར་གདེང་འཇོག་དང་འགོག་བཅོས་ལས་ཀར་མཛུབ་སྟོན་ཡག་པོ་བྱ་རྒྱུ་རེད།

  ལི་ཐང་རྫོང་གིས་ད་དུང་ཐུམ་འབུའི་ནད་ཀྱི་ཕྱོགས་བསྡུས་འགོག་བཅོས་ཀྱི་འགག་སྒྲོལ་གཡུལ་འཁྲུག་གི་ལས་ཀ་དེ་ཡུལ་ཤོག་དང་གྲོང་རྡལ་སོ་སོའི་ཏང་ཨུ་དང་སྲིད་གཞུང་། ཁོངས་འདུས་སྡེ་ཁག གྲོང་སྡེའི་ཨུ་ལྷན་གཉིས་ཚོ་ཆུང་དང་དབུལ་ཕོངས་ཡུལ་ཚོའི་ཧྲུའུ་ཅི་དང་པོའི་སྲིད་སྐྱོང་བྱས་རྗེས་ལ་དཔྱད་ཞིབ་བྱེད་པའི་སྟོན་གྲངས་གཙོ་བོའི་ཁོངས་སུ་བཅུག་པ་དང་། ལོ་གཅིག་གི་དམིགས་འབེན་དཔྱད་ཞིབ་ཀྱི་ཁོངས་སུ་བཅུག་སྟེ་དམིགས་འབེན་འགན་འཁྲིའི་ཡིག་ཆའི་གྲོས་འཆམ་བྱས་ནས་རིམ་པ་བཞིན་ལས་འགན་དབྱེ་འབྱེད་བཏང་ནས་ལས་ཀ་ནན་ཏན་སྒོས་དོན་འཁྱོལ་ཡོང་བར་འགན་སྲུང་བྱས་པར་བརྒྱུད་ཕན་ནུས་ཆེན་པོ་ཐོབ།།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1