ཀྲུང་གུང་སི་ཁྲོན་ཞིང་ཆེན་ཨུ་ཡོན་ལྷན་ཁང་གིས་ཏང་ཕྱིའི་མི་སྣའི་བཞུགས་མོལ་ཚོགས་འདུ་འཚོགས་ཤིང་ཝང་ཏུང་མིང་གིས་གཙོ་སྐྱོང་གནང་བར་མ་ཟད་འབྲེལ་ཡོད་གསུང་བཤད་གནང་།

རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 11-20


   ཀྲུང་གུང་སི་ཁྲོན་ཞིང་ཆེན་ཏང་ཨུའི་སྐབས་བཅུ་པའི་ཚང་འཛོམས་གྲོས་ཚོགས་ཐེངས་བདུན་པའི་སྔ་རོལ་དུ། ཞིང་ཆེན་ཏང་ཨུས་ཁྲེན་ཏུའུ་ནས་ཏང་ཕྱི་མི་སྣའི་བཞུགས་མོལ་ཚོགས་འདུ་འཚོགས་ཤིང་། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་ཝང་ཏུང་མིང་གིས་བཞུགས་མོལ་ཚོགས་འདུར་གཙོ་སྐྱོང་གནང་བར་མ་ཟད་གསུང་བཤད་ཀྱང་གནང་། ཞིང་ཆེན་སྲིད་གྲོས་ཀྱི་ཀྲུའུ་ཞི་ཁོ་ཙི་ཕིང་ཚོགས་འདུར་ཞུགས། 
   ཞུགས་མོལ་ཚོགས་འདུའི་ཐོག ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན། དྲུང་ཡིག་ཆེན་མོ་ཝུའུ་ཆན་ཕིང་གིས་《གྲོས་གཞི།》དང་《 ཆོད་དོན།》གྱི་བསམ་འཆར་བསྡུ་ལེན་འཆར་ཟིན་བཀོད་ཚུལ་དང་དེའི་བསམ་བློ་གཏོང་ཡུལ་གཙོ་བོ་ངོ་སྤྲོད་བྱས། གྲོས་བསྡུར་ཁྲོད་ཚང་མས་ངོ་འཛིན་བྱས་དོན། ཀྲུང་གུང་སི་ཁྲོན་ཞིང་ཆེན་ཨུ་ལྷན་གྱི་ཡིག་ཆ་གཉིས་ཀྱི་བསམ་འཆར་བསྡུ་ལེན་ཟིན་བྲིས་ཁྲོད།  ཕྱོགས་ཡོངས་ནས་ཀྲུང་གུང་སྐབས་བཅོ་བརྒྱད་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པའི་དགོངས་དོན་ལག་བསྟར་དོན་འཁྱོལ་བྱས་པ་དང་། སི་ཁྲོན་ཞིང་ཆེན་གྱི་གནས་ཚུལ་དང་ཟུང་འབྲེལ་དམ་པོ་བྱས་པར་བརྒྱུད། མ་ལག་ལྡན་པའི་སྒོ་ནས་འབྱུང་འགྱུར་ལོ་ལྔའི་རིང་གི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་འཆར་འགོད་དང་ཁྱོན་ཡོངས་ནས་གསར་གཏོད་བསྒྱུར་བཅོས་ལ་བརྟེན་ནས་རིགས་སྒྱུར་འཕེལ་རྒྱས་གཏོང་བའི་འབྲེལ་ཡོད་ལས་དོན་ཇུས་འགོད་བྱས་ཡོད་པས་དེ་ལ་དོན་སྙིང་གལ་ཆེན་དང་ཤུགས་རྐྱེན་ཟབ་མོ་ལྡན། 
   ལོ་ལྔའི་འཆར་གཞི་བཅུ་གསུམ་པའི་དུས་སྐབས་ནི་སི་ཁྲོན་དང་རྒྱལ་ཡོངས་མཉམ་དུ་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་ཐུབ་ཅིང་། མཆོང་སྐྱོད་གཉིས་མངོན་འགྱུར་ལ་རྒྱལ་ཁ་ལོན་པའི་དུས་མཚམས་ཡིན། ཀྲུང་དབྱང་གིས་སི་ཁྲོན་ཁྱོན་ཡོངས་ནས་གསར་གཏོད་བསྒྱུར་བཅོས་ལ་སྐུལ་འདེད་བྱེད་པའི་ཚོད་ལྟའི་ས་ཁོངས་སུ་བཞག་ཡོད། དེ་ནི་རང་རེའི་ཞིང་ཆེན་གྱིས་ངེས་པར་དུ་དམ་འཛིན་དང་བཀོད་སྤྱོད་ཡག་པོ་བྱེད་དགོས་པའི་ལོ་རྒྱུས་ཀྱི་གོ་སྐབས་གལ་ཆེན་ཞིག་ཡིན། ང་ཚོས་ངེས་པར་དུ་ཀྲུང་གུང་སྐབས་བཅོ་བརྒྱད་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པའི་དགོངས་དོན་སློབ་སྦྱངས་དང་གོ་བ་གཏིང་ཟབ་བླངས་ནས། གསར་གཏོད་དང་མཐུན་འགྲིག ལྗང་མདོག སྒོ་འབྱེད། མཉམ་སྤྱོད་བཅས་འཕེལ་རྒྱས་ཀྱི་འདུ་ཤེས་ཆེན་པོ་ལྔ་བརྟན་པོའི་ངང་ནས་ལག་ལེན་བྱེད་པ་དང་། ཧུར་ཐག་སྒོས་ཁྱོན་ཡོངས་ནས་གསར་གཏོད་སྒྱུར་བཅོས་ཀྱི་ལག་ལེན་ལ་ཞུགས་ཤིང་རྒྱབ་སྐྱོར་བྱས་ཤིང་རང་འགུལ་ངང་སྲིད་ཞུགས་སྲིད་གྲོས་བྱེད་པ་དང་། གྲོས་མོལ་བྱས་ནས་ཐབས་འདོན་ཇུས་འདོན་བྱས་ནས་ཀྲུང་གོའི་ཕུགས་འདུན་ཁྲོད་ཀྱི་སི་ཁྲོན་ལེའུ་ཞིབ་འབྲི་བྱེད་པར་བློ་གྲོས་དང་སྟོབས་ཤུགས་ཀྱི་ལེགས་སྐྱེས་འབུལ་དགོས།།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1