མཚོ་སྔོན་རྫ་སྟོད་རྫོང་གི་ཆེས་ཐོག་མའི་རྫ་ཆའི་ཆུ་མགོའི་ཡུལ་སྲོལ་བརྙན་ཐུང་《རྫ་ཆུའི་འབྱུང་ཡུལ》ཐོག་མའི་བརྙན་གཏོང་།

རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 11-20


     རྫ་སྟོད་རྫོང་གི་བརྙན་འཕྲིན་ཐོག་མ《རྫ་ཆུའི་འབྱུང་ཡུལ》ནི་རྫ་སྟོད་རྫོང་ཏང་ཨུ་དང་རྫོང་སྲིད་གཞུང་། པེ་ཅིན་རྡོ་རྗེ་ཕ་ལམ་ནག་པོ་རྒྱལ་སྤྱིའི་སྨྱན་བྱད་སྡེ་ཁག་བཅས་ཀྱིས་མཉམ་འབྲེལ་བྱས་ཏེ་འགྲེམ་སྤེལ་བྱས་པ་ཡིན།

   གློག་བརྙན་འདིའི་ནང་ཕྱི་རྒྱལ་གྱི་བུད་མེད་སློབ་གྲྭ་ཆེན་མོ་བ་ཞིག་རྫ་སྟོད་རྫོང་དུ་གནས་སྐོར་བརྟག་དཔྱད་བྱེད་སྐབས་ཀྱི་མཐོང་ཐོས་བརྗོད་བྱ་གཙོར་བཟུང་ནས། འཆར་ཡན་དང་མདོར་བསྡུས་དོན་གསལ་གྱི་བརྙན་ཤེལ་བརྒྱུད་དེ་རྫ་སྟོད་རྫོང་གི་ལྟ་ན་སྡུག་པའི་རང་བྱུང་མཛེས་ལྗོངས་དང་མི་རིགས་ཀྱི་ཡུལ་སྲོལ་སོགས་ཚང་མའི་སྤྱན་ལམ་དུ་ཕུལ་ཡོད།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1