ཞི་ཅིན་ཕིང་ཨེ་ཤ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་མོའི་དཔལ་འབྱོར་མཉམ་ལས་རྩ་འཛུགས་ཀྱི་དངོས་གཞི་མིན་པའི་འགོ་ཁྲིད་པའི་ཚོགས་འདུ་ཐེངས་ཉེར་གསུམ་པར་ཞུགས་ཏེ་གསུང་བཤད་གལ་ཆེན་གནང་།

རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 11-20


       ཨེ་ཤ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་མོའི་དཔལ་འབྱོར་མཉམ་ལས་རྩ་འཛུགས་ཀྱི་དངོས་གཞི་མིན་པའི་འགོ་ཁྲིད་པའི་ཚོགས་འདུ་ཐེངས་ཉེར་གསུམ་པ་སྤྱི་ཚེས་19ཉིན་ཧྥི་ལི་ཕིན་གྱི་རྒྱལ་ས་མ་ནི་ལ་རུ་འཚོགས། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཅི་ཕིང་ཚོགས་ཞུགས་བྱས་ནས་《མཛའ་ཟླའི་འབྲེལ་བ་ཟབ་སྤེལ་བྱས་ཏེ་ཨེ་ཤ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་མོའི་འཕེལ་རྒྱས་ལ་སྐུལ་འདེད་བྱ།》ཞེས་བརྗོད་བྱ་བྱས་པའི་གསུང་བཤད་གལ་ཆེན་གནང་ཁོང་གིས་ནན་གྱིས་བསྟན་དོན། ཨེ་ཤ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་མོ་ནི་འཛམ་གླིང་དཔལ་འབྱོར་གྱི་སྣེ་ཁྲིད་པ་ལྟ་བུ་ཡིན། ང་ཚོས་ད་ལྟར་རྐང་ཚུགས་ཏེ་འབྱུང་འགྱུར་ལ་ཁ་ཕྱོགས་པ་དང་ཨེ་ཤ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་མོའི་དཔལ་འབྱོར་མཉམ་ལས་རྩ་འཛུགས་ཀྱི་གར་སྟེགས་ཆེན་མོ་དེ་བེད་སྤྱད་ནས་མཉམ་ལས་གཉིས་རྒྱལ་ལ་སྐུལ་ཏེ་ཨེ་ཤ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་མོར་གོ་ལ་ཡོངས་ཀྱི་འཕར་ཚད་ལ་མུ་མཐུད་དུ་སྣེ་ཁྲིད་བྱེད་འཇུག་དགོས། 

 གྲོས་ཚོགས་འགོ་བརྩམས་པའི་སྔོན་དུ། ཞི་ཅིན་ཕིང་དང་ཚོགས་ཞུགས་འགོ་ཁྲིད་མི་སྣ་གཞན་དག་སྔ་གཞུག་ཏུ་འབྱོར་ཏེ། ཧྥི་ལི་ཕིན་གྱི་སྲིད་འཛིན་ཨ་ཅི་ནའོ་ཡིས་ཕེབས་བསུ་བྱས། 

 ས་གནས་དེ་གའི་དུས་ཚོད་སྔ་དྲོ་ཆུ་ཚོད་10དང་སྐར་མ་30ཡི་སྟེང་གྲོས་ཚོགས་འགོ་བརྩམས། ཨ་ཅི་ནའོ་ཡིས་གྲོས་ཚོགས་གཙོ་སྐྱོང་གནང་། ཐེངས་དེའི་ཨེ་ཤ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་མོའི་དཔལ་འབྱོར་མཉམ་ལས་རྩ་འཛུགས་ཀྱི་དངོས་གཞི་མིན་པའི་འགོ་ཁྲིད་པའི་ཚོགས་འདུའི་བརྗོད་བྱ་གཙོ་བོ་ནི་བཟོད་སྒོམ་རང་བཞིན་གྱི་དཔལ་འབྱོར་གསར་སྐྲུན་བྱས་ཏེ་སྔར་ལས་མཛེས་པའི་འཛམ་གླིང་འཛུགས་སྐྲུན་བྱེད་རྒྱུ་དེ་ཡིན། ཚོགས་ཞུགས་དཔལ་འབྱོང་ཕུང་པོའི་འགོ་ཁྲིད་པས་དཔལ་འབྱོར་མཉམ་འདྲེས་ཤུགས་སྣོན་བྱས་ཏེ་བཟོད་སྒོམ་རང་བཞིན་འཕར་སྣོན་བྱུང་བར་སྐུལ་འདེད་བྱ་བ་སོགས་ཀྱི་གྲོས་གཞི་ནས་བགྲོ་གླེང་བྱས། 

ཞི་ཅིན་ཕིང་གིས་གསུང་བཤད་ནང་བསྟན་དོན། ན་ནིང་གི་ཟླ་11པར། ང་ཚོ་པེ་ཅིང་དུ་འཛོམས་ཏེ་མཉམ་གཅིག་ཏུ་ཨེ་ཤ་ཡ་དང་ཞི་བདེ་རྒྱ་མཚོའི་འཕེལ་རྒྱས་ཇུས་འགོད་བཞག ལོ་གཅིག་གི་རྗེས་ནས་ང་ཚོ་སླར་ཡང་ལྷན་འཛོམས་བྱུང་ཏེ་དམིགས་ཡུལ་ནི་སྔར་བཞིན་ཨེ་ཤ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་མོའི་མཉམ་ལས་ཟབ་ཏུ་སྤེལ་ནས་ཨེ་ཤ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་མོའི་ཐུན་མོང་འཕེལ་རྒྱས་ལ་སྐུལ་བ་དེའོ།།

ཞི་ཅིན་ཕིང་གིས་མཇུག་མཐའ་ནན་གྱིས་བསྟན་དོན། ཀྲུང་གོས་ཨེ་ཤ་ཡ་དང་ཞི་བདེ་རྒྱ་མཚོའི་རྒྱལ་ཁབ་ཀྱི་གཉིས་ཕན་མཉམ་ལས་དང་ཕན་ཚུན་འབྲེལ་མཐུད་ཇེ་ཟབ་གཏང་ནས། ཞི་བདེ་བརྟན་འཇགས་ཀྱི་འཕེལ་རྒྱས་ཁོར་ཡུག་ལ་སྲུང་སྐྱོབ་བྱེད་རྒྱུ་ཡིན། ཀྲུང་གོས་ལོ་ལྔའི་འཆར་གཞི་བཅུ་གསུམ་པའི་ཇུས་འགོད་བསམ་འཆར་བཏོན་ཡོད་པས། ཤེད་ཤུགས་ཆེན་པོའི་སྒོས་གསར་གཏོད་གོང་འཕེལ་དང་འགྲིག་མཐུན་གོང་འཕེལ། ལྗང་མདོག་གོང་འཕེལ་དང་སྒོ་འབྱེད་གོང་འཕེལ། མཉམ་སྤྱོད་གོང་འཕེལ་ལ་སྐུལ་འདེད་བྱེད་རྒྱུ་ཡིན། ཀྲུང་གོར་དཔལ་འབྱོར་རྒྱུན་མཐུད་བདེ་ཐང་ངང་འཕེལ་རྒྱས་གཏང་ནས་ཨེ་ཤ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་མོའི་གསར་སྐྲུན་ལ་གོ་སྐབས་དང་བདེ་སྐྱིད་སྟེར་བའི་ཆོད་སེམས་དང་ནུས་པ་ཆེན་པོ་ཡོད། 

གྲོས་ཚོགས་ལས་《ཨེ་ཤ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་མོ་དཔལ་འབྱོར་མཉམ་ལས་རྩ་འཛུགས་ཀྱི་དངོས་གཞི་མིན་པའི་འགོ་ཁྲིད་པའི་ཚོགས་འདུ་ཐེངས་ཉེར་གསུམ་པའི་བསྒྲགས་གཏམ་》བསྒྲགས། 

ཉིན་དེའི་སྔ་དྲོར། ཞི་ཅིན་ཕིང་གིས་ཨེ་ཤ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་མོའི་དཔལ་འབྱོར་མཉམ་ལས་རྩ་འཛུགས་ཀྱི་དཔལ་འབྱོར་ཕུང་བོའི་འགོ་ཁྲིད་པ་དང་མཉམ་དུ་ས་ཁོངས་དང་གོ་ལའི་དཔལ་འབྱོར་གྱི་ཆེད་དོན་གྲོས་ཚོགས་སུ་ཞུགས་ཏེ། རྒྱལ་སྤྱིའི་དངུལ་ལོར་རྩ་འཛུགས་ཀྱི་འགན་གཉེར་པས་གོ་ལ་ཡོངས་ཀྱི་དཔལ་འབྱོར་གནས་བབ་དབྱེ་ཞིབ་བྱེད་པར་གསན་ཞུ་གནང་།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1