ཀན་སུའུ་ཞིང་ཆེན་ཀན་ལྷོ་ཁུལ་གྱིས་ལོ་ངོ་30ལྷག་གི་རིང་ལ་བོད་ལུགས་གསོ་རིག་དང་བོད་སྨན་རིག་གཞུང་3000ལྷག་འཚོལ་བསྡུ་དང་ལེགས་སྒྲིག་བྱས།

རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 11-21


     གསར་འགོད་པས་ཀན་སུའུ་ཞིང་ཆེན་གྱི་བོད་ལུགས་གསོ་རིག་དང་བོད་སྨན་ཞིབ་འཇུག་ཁང་ནས་ཤེས་རྟོགས་བྱུང་པ་ལྟར་ན། ཀན་ལྷོ་བོད་རིགས་རང་སྐྱོང་ཁུལ་གྱིས་ལོ་ངོ་30ལྷག་གི་རིང་ལ་དམངས་ཁྲོད་ཀྱི་བོད་ལུགས་གསོ་རིག་དང་བོད་སྨན་རྗེས་ཤུལ་ཕུལ་བྱུང་ཅན་འཚོལ་སྡུད་མཐའ་འཁྱོངས་ནས་བྱས། བོད་ལུགས་གསོ་རིག་དང་བོད་སྨན་ཀྱི་གསུང་རབ་དང་དཔེ་རྙིང་ཤིང་པར་3000ལྷག་འཚོལ་སྡུད་བྱས།
     ཀན་སུའུ་ཞིང་ཆེན་བོད་ལུགས་གསོ་རིག་དང་བོད་སྨན་ཞིབ་འཇུག་ཁང་གི་ཡོན་ཀྲང་དབྱང་ཧུང་ཆན་གྱིས་ངོ་སྤྲོད་བྱས་པ་ལྟར་ན། དུས་རབས་སྔོན་མའི་ལོ་རབས་80ནས་བཟུང་། ཀན་ལྷོ་བོད་རིགས་རང་སྐྱོང་ཁུལ་གྱི་འབྲེལ་ཡོད་སྡེ་ཁག་གིས་བསང་ཆུའི་བླ་བྲང་དགོན་པ་དང་སི་ཁྲོན་དཀར་མཛེས་ཁུལ་སྡེ་དགེ་པར་ཁང་། དེ་བཞིན་ཀན་ལྷོ་ཁུལ་གྱི་ཞིང་འབྲོག་ས་ཁུལ་ནས་བོད་ལུགས་གསོ་རིགས་དང་བོད་སྨན་ཀྱི་ཚད་ལྡན་ཡིག་ཆ་དང་བསྟན་བཅོས་འཚོལ་སྡུད་བྱས་ཤིང་། མིག་སྔའི་བར་དུ་བོད་ལུགས་གསོ་རིག་དང་བོད་སྨན་གྱི་དཔེ་རྙིང་ཤིང་པར་3000ལྷག་རྙེད་ཡོད་ཅིང་། ཀན་ལྷོ་ཁུལ་དུ་གནས་པའི་ཀན་སུའུ་ཞིང་ཆེན་བོད་ལུགས་གསོ་རིག་དང་བོད་སྨན་ཞིབ་འཇུག་ཁང་དུ་ཉར་ཚགས་བྱས་ཡོད།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1