ཨབ་གྷན་སི་ཐན་གྱི་ཤར་ཕྱོགས་ས་ཁུལ་ཞིག་ཏུ་ཚད་རིམ་5.9ཅན་གྱི་ས་འགུལ་བྱུང་།

རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 11-24


  སྤྱི་ཟླ་11པའི་ཚེས་23ཉིན་ཨ་མེ་རི་ཁའི་ས་གཤིས་བརྟག་དཔྱད་དྲ་བས་སྤེལ་བའི་གསར་འགྱུར་ལྟར་ན། པེ་ཅིང་གི་དུས་ཚོད་སྤྱི་ཟླ་11པའི་ཚེས་23ཉིན་གྱིས་ཆུ་ཚོད་2དང་སྐར་མ་16གི་སྟེང་། ཨབ་གྷན་སི་ཐན་གྱི་ཤར་ཕྱོགས་ས་ཁུལ་ཞིག་ཏུ་ཚད་རིམ་5.9ཅན་གྱི་ས་འགུལ་བྱུང་། འགུལ་ཁུངས་ཀྱི་ཟབ་ཚད་ལ་སྤྱི་ལེ་92.4དང་འགུལ་ལྟེ་བར་ཐག་རྒྱལ་ས་ཁ་པུལ་དང་སྤྱི་ལེ་300ཡོད། 

  མིག་སྔར་ཨབ་གྷན་སི་ཐན་ཕྱོགས་ནས་མི་ལ་རྨས་སྐྱོན་ཕོག་པ་དང་རྒྱུ་ནོར་ལ་གྱོང་གུད་ཐེབས་པའི་གནས་ཚུལ་ཅི་ཡང་མི་འདུག ། 


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1