ཕེ་རིས་ལྕགས་ཀྱི་མཆོད་རྟེན་སྟེང་དཔྱངས་པའི་ལྒང་ཆེན།

རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 11-25


  སྤྱི་ཟླ་11པའི་ཚེས་23ཉིན། ཧྥ་རན་སིའི་ཕེ་རིས་གྲོང་ཁྱེར་གྱི་ཨེ་ཧྥེར་ལྕགས་ཀྱི་མཆོད་རྟེན་སྟེང་དུ་སའི་གོ་ལའི་འཇིག་ཉེན་ཞེས་པའི་ལྒང་ཆེན་ཞིག་དཔྱངས་འདུག འདི་ནི་ཕེ་རིས་གནམ་གཤིས་འགྱུར་ལྡོག་ཚོགས་ཆེན་འགོ་མ་ཚུགས་པའི་སྔོན་དུ་ཨ་མེ་རི་ཁའི་སྒྱུ་རྩལ་པ་ཞིས་པོའོ་ཏི་ཧྥིར་ལི་ཡིས་གསར་དུ་གཏོད་པའི་སའི་གོ་ལའི་འཇིག་ཉེན་ཞེས་པའི་བརྩམས་ཆོས་དེ་རེད། ཕེ་རིས་གྲོང་ཁྱེར་གྱི་སྲིད་གཞུང་དང་ཨེ་ཧྥེར་ལྕགས་ཀྱི་མཆོད་རྟེན་གསར་སྤེལ་ཨུ་ཡོན་ལྷན་ཁང་གི་ཆོག་མཆན་བརྒྱུད་ས་ངོས་ལས་མཐོ་ཚད་སྨི་60ཡོད་པའི་ལྕགས་ཀྱི་མཆོད་རྟེན་གྱི་རྩེག་རིམ་གཉིས་པར་བཏེགས། ལྒང་ཆེན་འདིའི་ཚངས་ཐིག་ལ་སྨི་8དང་ལྕི་ཚད་ལ་སྨི་2.3ཡོད་ལ། ཕྱི་ངོས་རྒྱ་ཁྱོན་ལ་སྨི་གྲུ་བཞི་མ་200ཡོད་པ་རེད། འཛམ་གླིང་སྟེང་གི་མི་རྣམས་ལ་སའི་གོ་ལའི་དྲོད་ཚད་མཐོ་རུ་ཕྱིན་པ་ལས་རྒྱ་མཚོའི་ངོས་མཐོ་རུ་ཕྱིན་པ་དང་འཁྱགས་ཀླུང་ཞུ་བ་དང་སྐྱེ་དངོས་ཀྱི་རིགས་རྒྱུད་ཆད་པ་སོགས་ཀྱི་གནད་དོན་དོན་སྣང་དང་ཐུགས་ཁུར་བྱས་ཏེ་ང་ཚོའི་ཐུན་མོང་གི་ཁྱིམ་གཞིས་ཏེ་སའི་གོ་ལར་སྲུང་སྐྱོབ་བྱ་དགོས་པ་ནི་ལྒང་ཆེན་འདིའི་བསྟན་དོན་རེད།།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1