བོད་རང་སྐྱོང་ལྗོངས་ཀྱིས་ཤུགས་ཆེན་བཏོན་ཏེ་རྒྱལ་ཡོངས་རྩེ་སོན་གྱི་བོད་ཀྱི་རིག་གནས་རྟེན་གཞི་འཛུགས་སྐྲུན་བྱས།

རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 11-26


    ཉེ་ཆར། བོད་རང་སྐྱོང་ལྗོངས་ཏང་ཨུའི་རྒྱུན་ཨུ་དང་ལྷ་ས་གྲོང་ཨུའི་ཧྲུའུ་ཅི་ཆོས་གྲགས་ལགས་ཁྲིན་ཀང་ཆུས་ཚལ་གུང་ཐང་ཡུལ་ཤོག་ཏུ་ཚེ་མཆོག་གླིང་རིག་གནས་ཡུལ་སྐོར་གསར་གཏོད་གླིང་ཁུལ་གཙོ་གནད་རྣམ་གྲངས་ཀྱི་འཛུགས་སྐྲུན་དང་འཁོར་སྐྱོད་གནས་ཚུལ་ལ་ཡུལ་དངོས་སུ་རྟོག་ཞིབ་བྱས།
    རྟོག་ཞིབ་གནང་སྐབས། ཆོས་གྲགས་ལགས་ཀྱིས་བསྟན་དོན། ལྷ་ས་ནི་བོད་རང་སྐྱོང་ལྗོངས་ཀྱི་ལྟེ་གནས་དང་བོད་མི་རིགས་ཀྱི་རིག་གནས་ལྟེ་གནས་ཡིན་པའི་ཆ་ནས། རིག་གནས་ཐོན་ཁུངས་ཕུན་སུམ་ཚོགས་པ་དང་གཏིང་ཟབ་པ་མ་ཟད་ཐུན་མིན་གྱི་ཁྱད་ཆོས་ལྡན་པས་རྒྱལ་ཡོངས་མ་ཟད་འཛམ་གླིང་རིག་གནས་ཀྱི་ཁྱད་ཁོངས་ནང་དུ་གོ་གནས་འགངས་ཆེན་ཞིག་ཟིན་ཡོད། ཚེ་མཆོག་གླིང་རིག་གནས་ཡུལ་སྐོར་གསར་གཏོད་གླིང་ཁུལ་འཛུགས་སྐྲུན་བྱེད་པ་ནི་ལྷ་ས་གྲོང་ཁྱེར་གྱིས་ལྟེ་བའི་གྲོང་ཁྱེར་གྱི་གནས་རིམ་འགོ་མའི་ནུས་པ་འདོན་སྤེལ་གང་ལེགས་བྱེད་པ་དང་ཤུགས་ཆེན་པོས་རིག་གནས་ལ་བརྟེན་ནས་གྲོང་ཁྱེར་དར་རྒྱས་གཏང་བ་དང་ཐོན་ལས་ལ་བརྟེན་ནས་གྲོང་ཁྱེར་སྟོབས་ཆེན་གཏང་བའི་འཐབ་ཇུས་ལག་བསྟར་བྱེད་པའི་གལ་ཆེའི་བྱ་ཐབས་ཤིག་ཡིན། དེ་ནི་གྲོང་ཁྱེར་ཡོངས་ཀྱིས་དཔལ་འབྱོར་འཕེལ་རྒྱས་གཏོང་སྟངས་སྒྱུར་བའི་གོམ་སྟབས་ཇེ་མགྱོགས་སུ་གཏང་བ་དང་ཐོན་ལས་གསུམ་པ་སྟོབས་ཆེར་གཏང་བའི་འཛིན་ས་ཞིག་ཡིན། དེ་ནི་རྒྱལ་སྤྱིའི་ཡུལ་སྐོར་གྲོང་ཁྱེར་འཛུགས་སྐྲུན་བྱེད་པའི་ལག་ལེན་ཞིབ་ཕྲ་ཞིག་ཀྱང་ཡིན།།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1