བོད་ལྗོངས་མངའ་རིས་ས་ཁུལ་གྱིས་སྐྱེ་ཁམས་གྲོང་སྡེ་41རེ་ཞུ་བྱས།

རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 11-27


  ད་ལོར་མངའ་རིས་ས་ཁུལ་གྱིས་2015ལོའི་ལྗོངས་དང་ས་ཁུལ་གྱི་ཁོར་ཡུག་སྲུང་སྐྱོབ་གྲོས་ཚོགས་ཀྱི་རེ་བ་ལྟར་ཁོར་ཡུག་སྲུང་སྐྱོབ་བཅའ་ཁྲིམས་ལག་བསྟར་དང་ཁོར་ཡུག་འོས་འགན་དོན་འཁྱོལ་ཡོང་བ། ཁོར་ཡུག་བཅའ་ཁྲིམས་ལག་བསྟར་བྱ་བ་དང་ཁོར་ཡུག་སྲུང་སྐྱོབ་ཁྱབ་བསྒྲགས་ལ་ཤུགས་སྣོན། ཕྱོགས་ཡོངས་ནས་གལ་ཆེའི་ཁོར་ཡུག་སྲུང་སྐྱོབ་ལས་ཀ་སྤེལ་བ་དང་མདོ་དབུས་ཁམས་གསུམ་གྱི་ཁོར་ཡུག་སྲུང་སྐྱོབ་བྱ་སླད། མངའ་རིས་ས་ཁུལ་གྱིས་རང་སྐྱོང་ལྗོངས་ལ་རང་སྐྱོང་ཁུལ་རིམ་པའི་སྐྱེ་ཁམས་གྲོང་སྡེ་41དང་སྐྱེ་ཁམས་གྲོང་རྡལ་1རེ་ཞུ་ཞུས། ཁོར་ཡུག་སྲུང་སྐྱོབ་ཁྱབ་ཁོངས་སུ་ལོ་ལྔའི་འཆར་གཞི་བཅུ་གསུམ་པའི་འཕེལ་རྒྱས་བསམ་བློ་དང་ཁ་ཕྱོགས། དམིགས་ཡུལ། ལས་གཞིའི་མཛོད་སོགས་ཀྱི་རྒྱུ་ཆ་ཚང་མ་སྒྲིག་བཅོས་ལེགས་གྲུབ་བྱུང་ཡོད་ལ་རྒྱལ་ཁབ་ཀྱི་དངུལ་འཇོག་ལས་གཞི་ལ་རིགས་ཆེན་པོ་2དང་རིགས་ཆུང་བ་11ཡོད་ཅིང་དངུལ་རྩ་སྒོར་དུང་ཕྱུར་10.29ལ་ཟིན་པ་དང་བོད་སྐྱོར་ལས་གཞི་3ཡོད་པར་དངུལ་རྩ་སྒོར་ཁྲི་4300ལ་ཟིན་ཡོད། །



དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1