ཞི་ཅིན་ཕིང་གིས་སྲིད་འཛིན་མོའོ་ཅཱ་པེ་དང་མཇལ་འཕྲད་གནང་།

རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 12-03


  སྤྱི་ཟླ་12པའི་ཚེས་1ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཧ་ར་རེ་ནས་ཟིམ་པབ་ཝེ་རྒྱལ་ཁབ་ཀྱི་སྲིད་འཛིན་མོའོ་ཅཱ་པེ་དང་མཇལ་འཕྲད་གནང་། རྒྱལ་ཁབ་གཉིས་ཀྱི་དབུ་ཁྲིད་ཀྱིས་ཀྲུང་གོ་དང་ཟིམ་ཝེ་རྒྱལ་ཁབ་གཉིས་ཀྱི་སྲོལ་རྒྱུན་མཛའ་འབྲེལ་ལ་ཚད་མཐོ་བའི་གདེང་འཇོག་གནང་ཞིང་མཉམ་དུ་རྒྱལ་ཁབ་གཉིས་ཀྱི་འབྱུང་འགྱུར་གྱི་འབྲེལ་བའི་འཕེལ་རྒྱས་ལ་འཆར་འགོད་བཟོས་ཏེ་དངོས་དོན་མཉམ་འབྲེལ་ཐད་ལ་ཐུན་མོང་གི་ངོས་འཛིན་བྱུང་།

  ཞི་ཅིན་ཕིང་གིས་ཀྲུང་གོའི་ཕྱོགས་ནས་མུ་མཐུད་དུ་ཟིམ་པས་ཝེ་དང་ལྷན་དུ་ཀྲུང་གོ་དང་ཟིམ་པབ་ཝེ་གཉིས་ཕན་ཚུན་འདྲ་མཉམ། ཕུན་ཚུན་རྒྱབ་སྐྱོར། མཉམ་དུ་འཕེལ་རྒྱས་སུ་ཕྱིན་པའི་གྲོགས་པོ་བཟང་པོར་གྱུར་བར་འབད་པ་བྱ་འདོད། ཀྲུང་གོའི་ཕྱོགས་ནས་སྔར་བཞིན་ཟིམ་པབ་ཝེ་རྒྱལ་ཁབ་ཀྱི་བདག་དབང་དང་བདེ་འཇགས། འཕེལ་རྒྱས་ཁེ་ཕན་བཅས་དང་རྒྱལ་སྤྱི་དང་ས་གནས་ལས་དོན་ཁྲོད་ནུས་པ་གལ་ཆེན་འདོན་པར་རྒྱབ་སྐྱོར་བྱ་ངེས། ཕྱོགས་གཉིས་ཀྱིས་མཐོ་རིམ་འབྲེལ་བ་རྒྱུན་འཁྱོངས་དང་ཏང་སྲིད་དང་ཁྲིམས་འཛུགས་སྡེ་ཁག ས་གནས་སོགས་ཀྱི་བརྗེ་རེས་གཏིང་ཟབ་ཏུ་སྤེལ་ཏེ་ཁྱབ་ཁོངས་སོ་སོའི་འབྲེལ་བ་ཕྱོགས་ཡོངས་ནས་འཕེལ་རྒྱས་སུ་འགྲོ་བར་སྐུལ་འདེད་གཏང་དགོས། དེ་མིན་ཕྱོགས་གཉིས་ཀྱི་སློབ་གསོ་དང་རིག་གནས། འཕྲོད་བསྟེན། ཡུལ་སྐོར། ན་གཞོན། འཕྲིན་སྦྱོར་སོགས་མི་ཆོས་ཁྱབ་ཁོངས་ཀྱི་བརྗེ་རེས་མཉམ་འབྲེལ་ལ་ཤུགས་སྣོན་བྱ་དགོས་ཞེས་བསྟན།

  མོའོ་ཅཱ་པེ་ཡིས་ཀྲུའུ་ཞི་ཞི་ཅིན་ཕིང་ཟིམ་པབ་ཝེ་ལ་འཚམས་འདྲི་ཕེབས་པར་སྤྲོ་སེམས་འཁོལ་བའི་དགའ་བསུ་ཞུ། ཀྲུང་གོ་ནི་ཟིམ་པབ་ཝེ་ཡི་གྲོགས་པོ་བཟང་པོ་ཡིན། ཟིམ་པབ་ཝེ་ཡི་ཕྱོགས་ནས་ཟིམ་པས་ཝེ་ཡི་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ཀྱི་གོ་རིམ་ཁྲོད་ཀྲུང་གོའི་ཉམས་མྱོང་ནང་འདྲེན་དང་མུ་མཐུད་དུ་ཀྲུང་གོའི་རྒྱབ་སྐྱོར་ཐོབ། དེ་མིན་ཞིང་ལས་དང་བཟོ་ལས། རྨང་གཞིའི་སྒྲིག་བཀོད་སོགས་ཁྱབ་ཁོངས་ཀྱི་ཀྲུང་གོའི་མཉམ་འབྲེལ་ལ་ཤུགས་སྣོན་བྱ་འདོད་ཅེས་བསྟན།།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1