༄༅།། སྔོན་སྐྱོད་སློབ་གསོ་དང་དེའི་དགེ་སྐྱོན།

རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 12-03


  མཐོ་ནུས་དངོས་ལུགས་ལ་ཞིབ་འཇུག་བྱེད་པའི་དབྱི་ཞི་ལོ་རྒྱུས་སྟེང་གི་ལོ་ན་ཆེས་གཞོན་པའི་ཧྭ་ཝོར་ཏི་སློབ་ཆེན་གྱི་དགེ་རྒན་ཆེན་མོར་གྱུར་རྗེས། ལོ་ན་གཞོན་པའི་རྩིས་རིག་མཁས་ཅན་ཐའོ་ཀྲིག་ཞོན་གྱིས་ཀྱང“Erdosནོར་འཛོལ”གནད་དོན་ཐག་གཅོད་བྱས། འདིར་མཉམ་འཇོག་བྱ་འོས་པ་ཞིག་ནི་དབྱི་ཞི་དང་ཐའོ་ཀྲིག་ཞོན་གང་ཡིན་ཀྱང་གཉི་ག་སྔོན་སྐྱོད་སློབ་གསོའི་དགེ་མཚན་ལས་ཐོན་པ་རེད། རང་རྒྱལ་ནས་མི་རྣམས་ལ་ཆེས་གསལ་ཆ་ཡོད་པའི་སྔོན་སྐྱོད་སློབ་གསོའི་རྣམ་པ་ནི་སློབ་ཆེན་གྱི་ལོ་ཆུང་འཛིན་གྲྭ་ཡིན།

  ཉེ་བའི་ལོ་འགའི་ནང་། འབྲེལ་ཡོད་མི་སྣས་སློབ་གསོའི་རྣམ་པ་དེ་ལས་ཀྲུང་གོའི་སློབ་གསོའི་མིག་མདུན་གྱི་ཁེ་ཕན་གཙིགས་སུ་འཛིན་པ་དང་མྱུ་གུ་འཐེན་ནས་སྐྱེ་རོགས་བྱེད་པའི་སྣང་ཚུལ་དེ་མངོན་འདུག་ཅེས་ཁ་རྡུང་གཏོང་ལ། ཐ་ན་ལོ་ཆུང་འཛིན་གྲྭ་ནི་བྱིས་པ་འཚར་ལོངས་འབྱུང་བའི་ཆོས་ཉིད་དང་མི་མཐུན་ཚུལ་ཡང་བརྗོད་ཡོད། འོན་ཀྱང་། རྒྱུན་འཁྱོངས་བྱས་ནས་ཡོང་བའི་སློབ་ཆེན་གྱི་ལོ་ཆུང་འཛིན་གྲྭས་དོན་གྱིས་ཕུལ་དུ་བྱུང་བའི་འཇོན་མི་མི་ཉུང་བ་ཞིག་སྐྱེད་སྲིང་བྱས་ཡོད། ཀྲུང་གོ་ཚན་རིག་སློབ་ཆེན་གྱི་ལོ་ཆུང་འཛིན་གྲྭར་དཔེར་བླངས་ན།

  འཛིན་གྲྭ་བསྒྲུབས་པ་ནས་བཟུང་། སློབ་མ80ཡན་གྱིས་མཐར་ཕྱིན་པའི་ལོ་དེར་རྒྱལ་ཁབ་ཕྱི་ནང་གི་སློབ་ཆེན་གྱི་ཞིབ་འཇུག་སློབ་མར་རྒྱུགས་འཕྲོད་ཅིང་། སུམ་ཆའི་གཅིག་ཙམ་གྱིས་མཇུག་མཐར་འབུམ་རམས་པའི་བསླབ་གནས་ཀྱང་བླངས་ཡོད།

  ཧྭ་ཝོར་ཏི་སློབ་ཆེན་གྱི་དགེ་རྒན་ཆེན་མོར་གྱུར་མ་ཐག་པའི་དབྱི་ཞིས་ལོ་ཆུང་འཛིན་གྲྭ་ནི་མྱུ་གུ་འཐེན་ནས་སྐྱེ་རོགས་བྱེད་པའི་སློབ་གསོ་སྒྲུབ་སྟངས་ཤིག་ཡིན་པར་གཏན་ནས་མི་འདོད། ཁོས་བྱིས་པའི་འཚར་ལོངས་ཀྱི་ཆོས་ཉིད་ཟེར་བ་དེ་དག་ལ་ཚན་རིག་གི་རྒྱབ་རྟེན་ཅི་ཡང་མེད་པ་དང་། ལྡོག་སྟེ་ཀྲུང་གོ་ཚན་རིག་སློབ་ཆེན་གྱི་ལོ་ཆུང་འཛིན་གྲྭས་བྱིས་པ་རྣམས་ལ་སྔར་ལས་མང་བའི་གདམ་གསེས་སྟེར་གྱིན་ཡོད་ལ། དེ་ལ་བརྟེན་ནས་ལྷན་སྐྱེས་ཀྱི་རིག་པ་ཆུད་མི་འཛའ་བར་བྱེད་ཀྱིན་ཡོད་པར་འདོད།

  རྒྱལ་ནང་ནས་ལོ་ཆུང་འཛིན་གྲྭར་ཐེབས་པའི་སྡིགས་དམོད་དང་ཁ་རྡུང་མང་བའི་གནས་ཚུལ་དང་མི་འདྲ་བར། ནུབ་ཕྱོགས་ཀྱི་རྒྱལ་ཁབ་ཁག་གིས་སྔོན་སྐྱོད་སློབ་གསོའི་རྣམ་པ་དེ་ལ་ཁས་ལེན་དང་འཚོལ་དཔྱོད་བགྱིད་བཞིན་ཡོད། ཨ་རི་རྒྱལ་ཁབ་ཀྱི་བྱིས་པ་སྐྱེས་ཐོབ་ཤེས་རབ་ཅན་མཐུན་ཚོགས་ཀྱི་འདོད་ཚུལ་ལྟར་ན། སྔོན་སྐྱོད་སློབ་གསོས་བྱིས་པའི་སློབ་སྦྱོང་ལ་འོས་འཚམ་གྱི་དཀའ་གནད་སྤྲད་དེ། ཕན་ནུས་ལྡན་པའི་སྒོ་ནས་རིག་པ་ཧ་ཅང་རྣོ་བའི་སློབ་མའི་སློབ་སྦྱོང་གི་ལས་འགན་སླ་དྲགས་པས་སྦྱོང་འདོད་མིད་པར་འགྱུར་བའི་སེམས་ཚོར་དེ་འདྲ་འབྱུང་བ་སྔོན་འགོག་བྱེད་ཀྱིན་ཡོད།

  དོན་དངོས་སུ་སྔོན་སྐྱོད་སློབ་གསོའི་དཀའ་གནད་ཆེ་ཤོས་ནི་རིག་པ་ཧ་ཅང་རྣོ་བའི་བྱིས་པ་དག་ཇི་ལྟར་ངོས་འཛིན་དང་གདམ་གསེས་བྱ་རྒྱུ་དེ་ཡིན་ནོ༎


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1