རང་རྒྱལ་གྱིས་ཚད་དམའ་བོའི་ཨེ་ཛིའི་སྔོན་འགོག་རྒྱུན་འཁྱོངས་བྱས།

རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 12-03


  ད་ལོའི་སྤྱི་ཟླ་12པའི་ཚེས་1ཉིན་ནི་སྐབས་ཉེར་བརྒྱད་པའི་འཛམ་གླིང་ཨེ་ཙེ་ནད་ཀྱི་ཉིན་མོ་ཡིན། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ཨུ། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལི་ཁེ་ཆིང་གིས་ཉེ་ཆར་ཨེ་ཙེ་ནད་འགོག་བཅོས་ལས་ཀར་ཤུགས་སྣོན་རྒྱག་པའི་ཐད་ལ་མཆན་བཀོད་མཛུབ་སྟོན་གལ་ཆེན་གནང་། 
  མཆན་བཀོད་ནང་དུ་བསྟན་དོན། ཨེ་ཙེ་ནད་ཀྱི་སྔོན་འགོག་ནི་མི་དམངས་མང་ཚོགས་ཀྱི་བདེ་འཇགས་དང་སྤྱི་ཚོགས་འཆམ་མཐུན་བརྟན་ལྷིང་ཡོང་བ་ལ་འབྲེལ་བ་ཡོད་ཅིང་། དེ་ནི་བདེ་ཐང་གི་ཀྲུང་གོ་འཛུགས་སྐྲུན་བྱེད་པའི་ནང་དོན་གལ་ཆེན་ཞིག་ཀྱང་ཡིན། རང་རྒྱལ་གྱི་ཨེ་ཙི་ནད་འགོག་བཅོས་ལ་མངོན་གསལ་གྱི་གྲུབ་འབྲས་ཆེན་པོ་ཐོབ་ཡོད་མོད། ཡིན་ཡང་ལས་འགན་སྔར་བཞིན་དཀའ་ཚེགས་ལྡན། སྐབས་བཅོ་བརྒྱད་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་བའི་འཕེལ་རྒྱས་ཀྱི་འབྲས་བུ་མཉམ་སྤྱོད་བྱེད་པའི་སྐོར་གྱི་བླང་བྱ་ལག་ལེན་བྱས་ཏེ་ཨེ་ཙི་ནད་འགོས་པའི་ཁྱད་ཆོས་གསར་པ་ལ་དམིགས་ཏེ། ཨེ་ཙི་ནད་བཀག་སྡོམ་དང་འགོག་བཅོས་བྱེད་པའི་ལོ་ལྔའི་འཆར་གཞི་བཅུ་གསུམ་པའི་དགོངས་དོན་ལྟར་འཆར་འགོད་བཟོ་དགོས།
  མ་དངུལ་འཇོག་པར་ཤུགས་སྣོན་བྱས་ཏེ་འགོག་བཅོས་ཀྱི་མ་དངུལ་ལ་འགན་སྲུང་དང་། རིམས་ནད་ཚབས་ཆེ་བའི་ས་ཁུལ་དང་དབུས་རྒྱུད་དམ་ནུབ་རྒྱུད་ཀྱི་དབུལ་ཕོངས་ས་ཁུལ་གྱི་འགོག་བཅོས་ལས་དོན་གཙོ་གནད་དུ་བཟུང་སྟེ་རྒྱབ་སྐྱོར་བྱ་དགོས། ས་གནས་གཏན་འཁེལ་གྱི་འགོག་བཅོས་སྨན་ཁང་ལ་ཁ་གསབ་བྱེད་པའི་ལམ་སྲོལ་འཐུས་ཚང་དུ་གཏང་དགོས།  ཨེ་འགོག་ཐེབས་རྩའི་སྣེ་ཁྲིད་ཀྱི་ནུས་པ་འདོན་སྤེལ་བྱས་ཏེ། སྤྱི་ཚོགས་རྩ་འཛུགས་ཨེ་འགོག་ཐེབས་རྩའི་ནང་ཞུགས་པར་རྒྱབ་སྐྱོར་བྱ་དགོས།
  ཨེ་ཙེ་ནད་འགོག་བཅོས་སྨན་རྫས་ཀྱི་ཞིབ་འཇུག་གསར་སྤེལ་དང་ཞིབ་བཤེར་ཆོག་མཆན། ཐོན་སྐྱེད་མཁོ་འདོན་བཅས་ཇེ་མགྱོགས་སུ་གཏང་དགོས། རིན་མི་དགོས་པའི་ནད་དུག་འགོག་པའི་འགོག་བཅོས་སྨན་རྫས་ཀྱི་དཀར་ཆག་ལེགས་སྒྲིག་བྱས་ཏེ་ནན་ཏན་སྒོས་སྨན་བཅོས་འགན་སྲུང་དང་སྤྱི་ཚོགས་རོགས་སྐྱོབ་སོགས་ཀྱི་ཐུགས་ཁུར་དང་རོགས་སྐྱོར་བྱེད་པའི་སྲིད་ཇུས་དོན་འཁྱོལ་བྱ་དགོས་པ་དང་། འགོས་མཁན་དང་ནད་པའི་ཁུར་པོ་ཇེ་ཡང་དུ་གཏོང་བ། ཚད་མཐོ་བའི་སྒོ་ནས་ནད་འགོས་མཁན་རྙེད་པ་དང་འབྲེལ་ཁྱབ་སྤེལ་ཉུང་དུ་བཏང་སྟེ་ཚད་དམའ་བོའི་ཨེ་ཛིའི་སྔོན་འགོག་རྒྱུན་འཁྱོངས་བྱེད་པ་དང་ཁྱོན་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་སྒོ་ཀུན་ནས་སྐྲུན་ཐུབ་པར་མཛད་རྗེས་གསར་པ་འཇོག་དགོས།།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1