ཟུང་ཆུ་རྫོང་གི་བོད་ཆའང་འཚེམ་དྲུབས་གསོབ་སྦྱོང་འཛིན་གྲྭའི་བུད་མེད་47གྱིས་འཚེབ་དྲུབ་སློབ་སྦྱོངས་བྱས།

ཚེ་བརྟན་སྒྲོལ་མས་བསྒྱུར། རྩོམ་སྒྲིག་པ།ཚེ་བརྟན་སྒྲོལ་མ།ཡོང་ཁུངས།སི་ཁྲོན་གསར་འགྱུར་དྲ་བ། སྤེལ་དུས། 12-03


    ཉེ་ཆར། ཟུང་ཆུ་རྫོང་བུད་མེད་མཉམ་འབྲེལ་ལྷན་ཚོགས་ཀྱིས་ཀྲིན་ཕེང་ཡུལ་ཤོག་ཆོ་ཉིང་བོད་ཆའང་འཚེམ་དྲུབ་ལག་ཤེས་ཆེད་ལས་མཉམ་ལས་ས་ཚིགས་ནས་ཉིན་10ཡི་རིང་གི་བོད་ཆའང་ལག་ཤེས་ཆེད་ལས་གསོ་སྦྱོངས་འཛིན་གྲྭ་བཙུགས། 
    གསོ་སྦྱོང་འཛིན་གྲྭའི་ནང་དུ་ཡུལ་ཤོག་དེའི་ཧྲོང་ཆིན་ཡུལ་ཚོ་དང་ལི་ཁོ་ཡུལ་ཚོ། ཞིན་རྨིན་ཡུལ་ཚོའི་གྲོང་གསེབ་བུད་མེད་47ད་ཐེངས་ཀྱི་གསོ་སྦྱོང་ནང་དུ་ཞུགས་ཡོད། 
    གསོ་སྦྱོང་འཛིན་གྲྭའི་ནང་དུ་ཆེད་ལས་དགེ་རྒན་ཏང་ཏེ་ཉིང་གདན་འདྲེན་བྱས་ནས་སློབ་ཁྲིད་བྱས། གཞུང་ལུགས་དང་ལག་ལེན་བཟུང་འབྲེལ་བྱས་པའི་སློབ་ཁྲིད་བྱེད་སྟངས་སྤྱད་དེ། གཙོ་གནད་དུ་བོད་ཆའང་འཚེམ་དྲུབ་བྱེད་སྟངས་དང་། རི་མོ་འབྲི་བ་དང་རི་མོ་འབྲི་སྟངས། ཚོན་མདོག་སྡེབ་སྒྲིག་སོགས་ཀྱི་རྩལ་ནུས་དང་འཚེམ་དྲུབ་ཐབས་རྩལ་སློབ་ཁྲིད་བྱས། 


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1