ཞི་ཅིན་ཕིང་གིས་ཡང་བསྐྱར་ཧྥེ་གླིང་རྒྱལ་ཁབ་ཀྱི་དབུ་ཁྲིད་པ་17དང་མཇལ་འཕྲད་གནང་།

རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 12-07


  སྤྱི་ཟླ་12པའི་ཚེས་5ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཡོའུ་ཧན་ནེའུ་སི་པོའོ་ནས་ཡང་བསྐྱར་ཧྥེ་གླིང་རྒྱལ་ཁབ་ཀྱི་དབུ་ཁྲིད་པ་17དང་མཇལ་འཕྲད་གནང་།

  དམར་ལམ་གྷི་ནེ་ཡའི་སྲིད་འཛིན་ཨོའོ་པེ་ཨང་དང་ཆེ་དའི་སྲིད་འཛིན་ཏིར་པི། ནི་ཇེ་རི་ཡའི་སྲིད་འཛིན་ཡུས་སོའོ་ཧྥོའོ། སེ་ནེ་གལ་གྱི་སྲིད་འཛིན་ཧྲ་ལི། ཟེམ་པི་ཡའི་སྲིད་འཛིན་ལོན་ཀོ་བཅས་ཧྥེ་གླིང་གི་རྒྱལ་ཁབ་17གྱི་དབུ་ཁྲིད་ཐེངས་འདིའི་མཇལ་འཛོམས་གྲོས་ཚོགས་སུ་ཞུགས། 

  ཞི་ཅིན་ཕིང་གིས་ཀྲུང་གོ་དང་ཧྥེ་གླིང་གཉིས་ཀྱིས་མཐུན་སྒྲིལ་མཉམ་འབྲེལ་ལ་ཤུགས་སྣོན་བྱས་ཏེ་མཉམ་དུ་འཕེལ་རྒྱས་སུ་འགྲོ་བ་མངོན་འགྱུར་བྱེད་པ་ནི་ཕྱོགས་གཉིས་ཀྱི་ཁེ་ཕན་དང་མཐུན། ཀྲུང་གོས་བློ་བརྟན་འགྱུར་མེད་སྒོས་ཧྥེ་གླིང་གི་རྒྱལ་ཁབ་དག་གིས་རང་ངོས་ནས་རང་ས་གནས་ཀྱི་གནད་དོན་ཐག་གཅོད་བྱེད་པར་རྒྱབ་སྐྱོར་དང་ཧྥེ་གླིང་གི་ཆབ་སྲིད་གནད་དོན་ཐག་གཅོད་བྱེད་པའི་ཐད་ལ་འཛུགས་སྐྲུན་རང་བཞིན་གྱི་ཕན་ནུས་འདོན་པར་སྐུལ་འདེད་གཏང་འདོད། ཀྲུང་གོའི་ཕྱོགས་ནས་ཧྥེ་གླིང་གི་རྒྱབ་ཁབ་དག་དང་མཉམ་དུ་ཞི་བདེ་བདེ་འཇགས་ཐད་ཀྱི་ནུས་ཤུགས་འཛུགས་བསྐྲུན་ལ་ཤུགས་སྣོན་བྱ་འདོད། ང་ཚོས་ཧྥེ་གླིང་རང་བདག་གི་སྒོ་ནས་རྒྱུན་མཐུད་འཕེལ་རྒྱས་སུ་འགྲོ་བར་རྒྱབ་སྐྱོར་བྱ་ངེས་ཡིན་ལ། དེ་མིན་ཧྥེ་གླིང་གི་རྒྱལ་ཁབ་ཁག་དང་ལྷན་དུ་བཅོས་བསྒྱུར་སྒོ་འབྱེད་དང་དཔལ་འབྱོར་འཕེལ་རྒྱས་ཀྱི་ཉམས་མྱོང་མཉམ་རོལ་བྱ་འདོད་ཅེས་བསྟན།

  ཞི་ཅིན་ཕིང་གིས་གྲོས་འཚོགས་ལ་ཞུགས་པའི་རྒྱལ་ཁབ་སོ་སོའི་དབུ་ཁྲིད་པར་ཀྲུང་གོའི་དཔལ་འབྱོར་གྱི་རྣམ་པ་དང་ཀྲུང་གོ་གུང་ཁྲན་ཏང་གི་སྐབས་བཅོ་བརྒྱད་པའི་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པའི་སྟེང་གཏན་འཁེལ་བྱས་པའི་འཕེལ་རྒྱས་དམིགས་འབེན་དང་དགོངས་དོན་ངོ་སྤྲོད་བྱས་ཤིང་ང་ཚོས་ཧྥེ་གླིང་དང་མཉམ་དུ་ཐེངས་འདིའི་ཀྲུང་གོ་དང་ཧྥེ་གླིང་གི་མཉམ་འབྲེལ་གླེང་སྟེགས་ཀྱི་གྲུབ་འབྲས་ལག་བསྟར་བཟང་པོ་བྱས་ཏེ་མཉམ་དུ་འཕེལ་རྒྱས་སུ་འགྲོ་བར་མངོན་འགྱུར་བྱ་འདོད་ཅེས་བསྟན།།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1