ཡུས་ཀྲེན་ཧྲེང་གི་ཨི་ཐ་ལི་ཡི་གྲོས་དཔོན་གི་ལ་སོའོ་དང་མཇལ་འཕྲད་གནང་།

རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 12-08


  སྤྱི་ཟླ་12པའི་ཚེས་7ཉིན། རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་ཡུས་ཀྲེན་ཧྲེང་གིས་མི་དམངས་ཚོགས་ཁང་ཆེན་མོའི་ནང་ཨི་ཐ་ལི་ཡི་གྲོས་དཔོན་གི་ལ་སོའོ་དང་མཇལ་འཕྲད་གནང་།

  ཡུས་ཀྲེན་ཧྲེང་གིས་ཨི་ཐ་ལི་ནི་ཡོ་རོབ་མནའ་འབྲེལ་ཁྲོད་ཀྱི་ཀྲུང་གོའི་གྲོགས་པོ་བཟང་པོ་དང་མཛའ་འབྲེལ་བཟང་པོ་ཡིན། 2004ལོར་རྒྱལ་ཁབ་གཉིས་ཀྱིས་ཕྱོགས་ཡོངས་འཐབ་ཇུས་འབྲེལ་བ་བཙུགས་པ་ནས་བཟུང་། ཀྲུང་གོ་དང་ཨི་ཐ་ལི་འབྲེལ་བ་ཕྱོགས་ཡོངས་ནས་འཕེལ་རྒྱས་ཀྱི་ལམ་དུ་བསྐྱོད་པ་རེད། ཕྱོགས་གཉིས་ཀྱིས་ཆབ་སྲིད་ཡིད་ཆེས་སྲ་བརྟན་དང་ཁེ་ཕན་གཙོ་བོ་དང་གལ་ཆེའི་གནད་དོན་གྱི་ཐད་ནས་ཕན་ཚུན་ལ་རྒྱབ་སྐྱོར་དང་བརྩི་འཇོག་བྱ་དགོས། ཀྲུང་གོའི་ཕྱོགས་ནས་ཨི་ཐ་ལི་དང་མཉམ་དུ་འབད་པ་ཆེན་པོས་ཕན་ཚུན་གྱི་ཡིད་ཆེས་གོང་འཕེལ་དང་འཐབ་ཇུས་སྦྲེལ་མཐུད་ལ་ཤུགས་སྣོན། དངོས་དོན་མཉམ་འབྲེལ་ལ་སྐུལ་འདེད། མི་ཆོས་བརྗེ་རེས་གཏིང་ཟབ་ཏུ་སྤེལ་ཏེ་རྒྱལ་ཁབ་གཉིས་དང་རྒྱལ་ཁབ་གཉིས་ཀྱི་མི་དམངས་ལ་བདེ་སྐྱིད་བསྐྲུན་འདོད། ཀྲུང་གོ་རྒྱལ་ཡོངས་སྲིད་གྲོས་ཀྱིས་ཨི་ཐ་ལི་ཡི་གྲོས་ཚོགས་བར་གྱི་རྒྱལ་སྐྱོང་སྲིད་འཛིན་དང་སྲིད་ཞུགས་སྲིད་གྲོས་སོགས་ཀྱི་ཐད་ནས་ཉམས་མྱོང་བརྗེ་རེས་དང་ཕན་ཚུན་གྱི་རྒྱུས་ལོན་ལ་རྒྱུན་ཆད་མེད་པར་གོང་དུ་འཕེལ་བ། ཐུན་མོང་གི་ངོས་འཛིན་རྒྱ་སྐྱེད་དེ་རྒྱལ་ཁབ་རང་ངོས་ཀྱི་འཕེལ་རྒྱས་དང་ཕྱོགས་གཉིས་ཀྱི་འབྲེལ་བ་འཕེལ་རྒྱས་སུ་གཏང་བར་འཛུགས་སྐྲུན་རང་བཞིན་གྱི་ཕན་ནུས་འདོན་སྤེལ་བྱ་འདོད་ཞེས་བསྟན།

  གི་ལ་སོའོ་ཡིས་ཨི་ཐ་ལི་ཡི་ཕྱོགས་ནས་ཀྲུང་གོ་དང་མཉམ་དུ་རྒྱལ་ཁབ་གཉིས་ཀྱིས་འབྲེལ་བ་བཙུགས་ནས་ལོ་འཁོར་45འགོར་བའི་གོ་སྐབས་འདི་དང་བསྟུན་ནས་ཁྱབ་ཁོངས་སོ་སོའི་མཛའ་མཐུན་མཉམ་འབྲེལ་ལ་ཤུགས་སྣོན་བྱས་ཏེ་ཨི་ཐ་ལི་དང་ཀྲུང་གོའི་འབྲེལ་བ་རྒྱུན་ཆད་མེད་པར་གྲུབ་འབྲས་གསར་པ་ལོན་པར་སྐུལ་འདེད་གཏང་འདོད་ཅེས་བསྟན།།



དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1