དགའ་སྤྲོའི་སྐོར་བྲོ་ལ་སྐབས་བཅུ་གཉིས་པའི་ཀྲུང་གོའི་དམངས་ཁྲོད་རིག་རྩལ་རི་སྐྱེས་མེ་ཏོག་གི་གཟེངས་རྟགས་ཐོབ།

རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 12-09


    ཉེ་ཆར་གསར་འགོད་པས་བོད་ལྗོངས་རྩོམ་རིག་སྒྱུ་རྩལ་ལས་རིགས་མཉམ་འབྲེལ་ལྷན་ཚོགས་ནས་ཤེས་རྟོགས་བྱུང་གསལ་ལྟར་ན། ཀྲུང་གོ་རྩོམ་རིག་སྒྱུ་རྩལ་ལས་རིགས་མཉམ་འབྲེལ་ལྷན་ཚོགས་དང་། ཀྲུང་གོའི་དམངས་ཁྲོད་རིག་རྩལ་མཁས་ཅན་མཐུན་ཚོགས། ཀྲེ་ཅང་ཞིང་ཆེན་རྩོམ་རིག་སྒྱུ་རྩལ་ལས་རིགས་མཉམ་འབྲེལ་ལྷན་ཚོགས་ཀྱིས་གཙོ་གཉེར་བྱས་པའི་སྐབས་བཅུ་གཉིས་པའི་ཀྲུང་གོའི་དམངས་ཁྲོད་རིག་རྩལ་རི་སྐྱེས་མེ་ཏོག་བྱ་དགའི་གཟེངས་རྟགས་སྤྲོད་པའི་དགའ་སྟོན་མཛད་སྒོ་དེ་ཀྲེ་ཅང་ཞིང་ཆེན་ཧྭེ་ཉིན་གྲོང་ཁྱེར་ནས་འཚོགས། 
    བོད་ལྗོངས་རྩོམ་རིག་སྒྱུ་རྩལ་ལས་རིགས་མཉམ་འབྲེལ་ལྷན་ཚོགས་དམངས་ཁྲོད་རིག་རྩལ་པའི་མཐུན་ཚོགས་ཀྱིས་རྩ་འཛུགས་བྱས་ནས་བསྐུར་བའི་ནག་ཆུ་ས་ཁུལ་མང་ཚོགས་རིག་རྩལ་ཁང་གི་དགའ་སྤྲོའི་སྐོར་བྲོ་ལ་ཀྲུང་གོའི་དམངས་ཁྲོད་རིག་རྩལ་རི་སྐྱེས་མེ་ཏོག་བྱ་དགའ་ཡི་དམངས་ཁྲོད་སྒྱུ་རྩལ་འཁྲབ་སྟོན་བྱ་དགའ་ཐོབ་པ་རེད།
    རྒྱུས་ལོན་བྱུང་བ་ལྟར་ན། ཀྲུང་གོའི་དམངས་ཁྲོད་རིག་རྩལ་རི་སྐྱེས་མེ་ཏོག་བྱ་དགའ་ནི་རྒྱལ་ཡོངས་དམངས་ཁྲོད་རིག་རྩལ་གྱི་བྱ་དགའ་མཐོ་ཤོས་ཡིན་པ་དང་། 1999ལོར་དངོས་སུ་བཙུགས་པ་ནས་བཟུང་ད་བར་དུ་རྒྱལ་ཁའི་ངང་སྐབས་བཅུ་གཉིས་གཉེར་པ་རེད། སྐབས་འདིའི་དམངས་ཁྲོད་རིག་རྩལ་རི་སྐྱེས་མེ་ཏོག་བྱ་དགའ་ལ་རྒྱལ་ཡོངས་ནས་ཡོང་བའི་བྱ་དགའ་ཐོབ་པའི་བརྩམས་ཆོས་64ཡོད་ལ། དམངས་ཁྲོད་སྒྱུ་རྩལ་འཁྲབ་སྟོན་དང་། དམངས་ཁྲོད་བཟོ་རྩལ་མཛེས་རྩལ། དམངས་སྲོལ་གཟུགས་བརྙན། དམངས་ཁྲོད་ཀྱི་རྩོམ་རིག དམངས་ཁྲོད་རིག་རྩལ། རིག་གཞུང་བརྩམས་ཆོས་བཅས་དང་འབྲེལ་བ་ཡོད་པའི་རྣམ་གྲངས་5ཡོད་དོ།།
 


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1