ལི་ཁེ་ཆང་གིས་རྒྱལ་ཁབ་འཕེལ་སྒྱུར་ཨུ་ཡོན་ལྷན་ཁང་ལ་རྟོག་ཞིབ་མཛད་པར་མ་ཟད་རྒྱལ་ཁབ་ཕྱི་ནང་གི་ཆེད་མཁས་པའི་ལོ་ལྔའི་འཆར་གཞི་བཅུ་གསུམ་པའི་འཆར་འགོད་སྒྲིག་བཅོས་བྱ་བའི་བཞུགས་མོལ་ཚོགས་འདུ་ལ་འགོ་འཛིན་མཛད།

རྩོམ་སྒྲིག་པ།ཡོང་ཁུངས།མི་དམངས་དྲ་བ། སྤེལ་དུས། 12-09


  

  སྤྱི་ཟླ་12པའི་ཚེས་8ཉིན། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་ཨུ་ཡོན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལི་ཁེ་ཆང་གིས་རྒྱལ་ཁབ་འཕེལ་སྒྱུར་ཨུ་ཡོན་ལྷན་ཁང་ལ་རྟོག་ཞིབ་མཛད་པར་མ་ཟད་རྒྱལ་ཁབ་ཕྱི་ནང་གི་ཆེད་མཁས་པའི་ལོ་ལྔའི་འཆར་གཞི་བཅུ་གསུམ་པའི་འཆར་འགོད་སྒྲིག་བཅོས་བྱ་བའི་བཞུགས་མོལ་ཚོགས་འདུ་ལ་འགོ་འཛིན་མཛད།

  ལི་ཁེ་ཆང་གིས་མུ་མཐུད་དུ་འདོན་མཁོའི་ངོས་ནས་སྒྲིག་གཞི་རང་བཞིན་གྱི་བཅོས་བསྒྱུར་ལ་སྐུལ་འདེད་གཏང་དང་གསར་གཏོད་འཆར་འགོད་དཀྱིལ་སྙིང་དུ་བཟུང་སྟེ་ནུས་ཤུགས་གསར་པ་གསོ་སྐྱོང་དང་སྲོལ་རྒྱུན་ནུས་ཁུངས་བཅོས་བསྒྱུར་རིམ་འཕར་བྱེད་པ། དམངས་ཡོངས་ཀྱི་ལས་སྒོ་གསར་འབྱེད་ཀྱིས་ཐོན་ལས་བཅོས་བསྒྱུར་རིམ་འཕར་གྱིས་སྔར་ལས་མང་པའི་ཐོན་ལས་གསར་པ་དང་ལས་སྒོ་གསར་པ། རྣམ་པ་གསར་པའི་ཐོན་ལས་འབྱུང་བར་སྣེ་ཁྲིད་བྱ་དགོས།  ཀྲུང་གོ་ནི་བཟོ་ལས་ཅན་དང་གྲོང་རྡལ་ཅན་དུ་འགྱུར་བཞིན་པའི་འཕེལ་རྒྱས་སུ་འགྲོ་བཞིན་པའི་རྒྱལ་ཁབ་ཅིག་ཡིན་པས་མངོན་གསལ་དང་མངོན་གསལ་མ་ཡིན་པའི་དགོས་མཁོ་མང་པོ་ཡོད་ངེས། མ་དངུལ་གྱི་གཏོང་འཇོག་རྒྱ་སྐྱེད་དང་འཛད་སྤྱོད་རིམ་འཕར་ལ་སྐུལ་འདེད། རྣམ་པ་གསར་པའི་གྲོང་རྡལ་ཅན་སོགས་ཀྱི་གལ་ཆེའི་ཐབས་ཇུས་ལ་བརྟེན་ཏེ་མངོན་གསལ་མ་ཡིན་པའི་དགོས་མཁོ་ཕྱིར་མངོན་པར་བརྩོན་ལེན་བྱ་དགོས་ཞེས་བསྟན།

  ལི་ཁེ་ཆང་གིས་འཆར་འགོད་སྒྲིག་བཅོས་བྱེད་པར་ངེས་པར་དུ་སྤུས་ཀ་དང་ཕན་ཕྱོད་མཐོར་འདེགས་སུ་གཏོང་བ་དམིགས་སུ་འཛིན་དགོས། ལམ་ལུགས་གསར་གཏོད་དང་ཚན་རྩལ་གསར་གཏོད་འོས་མཐུན་སྒོས་མཉམ་འབྲེལ་བྱས་ཏེ་དཔལ་འབྱོར་འཕེལ་རྒྱས་སུ་འགྲོ་བར་རང་བྱུང་ཐོན་ཁུངས་ལ་བརྟེན་པ་ནས་མི་ཤུགས་ཐོན་ཁུངས་བརྟེན་པར་བསྒྱུར་དགོས། དེ་མིན་དམིགས་འབེན་ཞིབ་བཀོད་དང་བྱེད་ཐབས་སྲ་བརྟན་དུ་གཏང་སྟེ་ས་གནས་དང་ལས་རིགས། སྡེ་ཁག་བཅས་ཀྱིས་རེ་བ་དེ་རང་ཉིད་ཀྱི་འཚོལ་བསྙེག་ཏུ་བསྒྱུར་བར་སྣེ་ཁྲིད་ལེགས་པོ་བྱ་དགོས། གོམ་གང་མདུན་སྤོས་སྒོས་ཞིབ་འཇུག་དང་མི་ཤུགས་ཐོན་ཁུངས་ཀྱི་མ་དངུལ་གཏོང་ཚད་རྒྱ་བསྐྱེད་དེ་ཤེས་བྱའི་བདག་དབང་ལ་འགན་སྲུང་དང་རྒྱལ་དམངས་སྤུས་ཚད་མཐོར་འདེགས། སྐྱེས་ཁམས་ཁོར་ཡུག་ལེགས་བཅོས། དེ་མིན་གསར་གཏོད་ཀྱིས་དཔལ་འབྱོར་འཕེལ་རྒྱས་ལ་མཛད་རྗེས་འཇོག་ཚད་ཇེ་མཐོར་གཏང་བར་སྐུལ་འདེད་གཏང་དགོས་ཞེས་བསྟན།།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1