པཎ་ཆེན་སྐུ་ཕྲེང་བཅུ་གཅིག་པ་ཨེར་ཏི་ཎི་ཆོས་ཀྱི་རྒྱལ་བོ་ཁྲི་སར་བཀོད་དེ་ལོ་འཁོར་20ལོན་པའི་རྟེན་འབྲེལ་མཛད་སྒོ་བཀྲ་ཤིས་ལྷུན་པོ་དགོན་པར་སྤེལ།

རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 12-10


  སྤྱི་ཟླ་12པའི་ཚེས་8ཉིན། པཎ་ཆེན་སྐུ་ཕྲེང་བཅུག་གཅིག་པ་ཨེར་ཏི་ཎི་ཆོས་ཀྱི་རྒྱལ་བོ་ཁྲི་སར་བཀོད་དེ་ལོ་འཁོར་20ལོན་པའི་རྟེན་འབྲེལ་མཛད་སྒོ་བཀྲ་ཤིས་ལྷུན་པོ་དགོན་པར་སྤེལ།

  ཀྲུང་དབྱང་འཐབ་ཕྱོགས་གཅིག་གྱུར་པུའུ་ཡི་སི་ཐཱ་དང་བོད་རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་བློ་བཟང་རྒྱ་མཚོ། རྒྱལ་ཁབ་ཆོས་ལུགས་ཅུས་ཀྱི་འགན་འཛིན་པ་སོགས་ཀྱིས་མཛད་སྒོའི་སྟེང་གཏམ་བཤད་སྤེལ་བ་དང་། པཎ་ཆེན་སྐུ་ཕྲེང་བཅུ་གཅིག་པ་ཨེར་ཏི་ཎི་ཆོས་ཀྱི་རྒྱལ་པོས་ཤིས་ཚིག་ཕུལ། ཀྲུང་དབྱང་དང་རྒྱལ་ཁབ་ཀྱི་འབྲེལ་ཡོད་སྡེ་ཁག་གི་འགན་འཛིན་པ་དང་ཀྲུང་གོའི་ནང་བསྟན་མཐུན་ཚོགས་ཀྱི་འཐུས་ཚབ་མི་སྣ། བོད་རང་སྐྱོབ་ལྗོངས་ཀྱི་ཏང་ཨུའི་ཧྲུའུ་ཅི་ཁྲེན་ཆུན་གོ། དེ་མིན་ཡུལ་དངོས་སུ་ཕེབས་པའི་དགེ་བའི་བཤེས་གཉེན་དག་དང་པཎ་ཆེན་ཆོས་ཀྱི་རྒྱལ་པོས་ཕན་ཚུན་ལ་ཁ་བཏགས་དང་ལེགས་སྐྱེས་ཕུལ།

  བོད་ལྗོངས་ཀྱི་དགོན་པ་སོ་སོའི་གྲྭ་བཙུན་འཐུས་མི་དང་བཀྲ་ཤིས་ལྷུན་པོ་དགོན་པའི་གྲྭ་བཙུན་600ལྷག གཞིས་ཀ་རྩེ་གྲོང་ཁྱེར་གྱི་མི་དམངས་900ལྷག  དེ་མིན་སི་ཁྲོན་དང་ཡུན་ནན། ཀན་སུའུ། མཚོན་སྔོན་སོགས་བོད་བརྒྱུད་ནང་བསྟན་གྱི་སྡེ་ཡི་འཐུས་མི་ཁྱོན་བསྡོམས་1500ལྷག་ཐེངས་འདིའི་རྟེན་འབྲེལ་མཛད་སྒོའི་སྟེང་ཞུགས།

  པཎ་ཆེན་ཆོས་ཀྱི་རྒྱལ་པོས་ཤིས་ཚིག་ཕུལ་སྐབས་རང་ཉིད་ཀྱི་ལོ་ངོ་ཉི་ཤུའི་འཚར་ལོངས་ཀྱི་གོ་རིམ་ལ་ཕྱིར་རྟོག་བྱས་ཤིང་ཏང་དང་སྲིད་གཞུང་གི་ཐུགས་ཁུར། དགེ་བའི་བཤེས་གཉེན་དག་གི་བྱམས་བརྩེ་ཡི་གསོ་སྐྱོང་། དེ་མིན་ཕྱོགས་སོ་སོས་ཐུགས་ཁུར་གནང་བར་བཀའ་དྲིན་ཞུས།

  ཁོང་གིས་བོད་བརྒྱུད་ནང་བསྟན་གྱི་སྡེ་ཡི་བྱམས་དང་སྙིང་རྗེ་དམིགས་སུ་འཛིན་པ་དང་དུས་རབས་ཀྱི་དགོས་མཁོ་དང་བསྟུན་ཏེ་ནང་ཆོས་འཕེལ་རྒྱས་སུ་འགྲོ་བར་སྐུལ་འདེད་གཏང་དགོས། གྲྭ་བཙུན་རང་ངོས་ཀྱི་སྤུས་ཚད་མཐོར་འདེགས་སུ་གཏང་སྟེ་ནང་བསྟན་གྱི་དགོངས་དོན་འགྲེལ་བཤད་དང་འདུལ་བའི་འཛུགས་སྐྲུན་ལ་ཤུགས་སྣོན་བྱས་ཏེ་བོད་བརྒྱུད་ནང་བསྟན་དུས་རབས་འདིའི་འཕེལ་འགྲོས་དང་མཐུན་པར་བྱེད་དགོས་ཞེས་བསྟན། 



དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1