ཝེ་ཧུང་ལའང་ཧྲན་དུ་ཕྱིན་ཏེ་དབུལ་སྐྱོར་འགག་སྒྲོལ་དང་སློབ་ལོ་མ་རན་པའི་སློབ་གསོའི་ལས་ཀ་ལ་རྟོག་ཞིབ་གནང་།

རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 12-10


    སྤྱི་ཟླ་12པའི་ཚེས་7ནས་ཚེས་8ཉིན། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ། ཞིང་དཔོན་ཝེ་ཧུང་ལའང་ཧྲན་ཁུལ་ཡེ་ཤེས་རྫོང་དང་ཤེས་སྡེ་རྫོང་སོགས་ས་གནས་ཁག་གི་སློབ་ལོ་མ་རན་པའི་སློབ་གསོའི་སྐོར་ལ་ཞིབ་འཇུག་གནང་། ལྷག་པར་དུ་ཡུལ་ཚོ་རེ་ལ་བྱིས་གཉོར་ཁང་རེ་ཞེས་པའི་འཆར་གཞི་ལག་ལེན་བསྟར་བར་སྐུལ་འདེད་གཏང་བའི་གནས་ཚུལ་ལ་བརྟག་ཞིབ་གནང་པ་མ་ཟད་འབྲེལ་ཡོད་བཞུགས་མོལ་ཚོགས་འདུར་གཙོ་སྐྱོང་གནང་། ཚོགས་འདུའི་ཁྲོད་མིག་སྔའི་ལའང་ཧྲན་ཆེ་བ་དང་ཆུང་བའི་དབྱིས་རིགས་ས་ཁུལ་གྱི་དབུལ་སྐྱོར་འགག་སྒྲོལ་བཀོད་སྒྲིག་གཙོ་གནད་ལས་ཀའི་སྐོར་ལ་ཞིབ་འཇུག་གནང་།
    ཁོང་གིས་བསྟན་དོན། ཚད་མཐོའི་ངང་ལའང་ཧྲན་ཁུལ་གྱི་དབུལ་སྐྱོར་འགག་སྒྲོལ་གྱི་གལ་ཆེའི་རང་བཞིན་མཐོང་ཆེན་བྱེད་དགོས་ལ། ཀྲུང་དབྱང་གི་དབུལ་སྐྱོར་གསར་སྤེལ་ལས་ཀའི་ཚོགས་འདུའི་དགོངས་དོན་དང་ཞིང་ཆེན་ཏང་ཨུའི་དབུལ་སྐྱོར་འགག་སྒྲོལ་གྱི་ཐབས་ཇུས་བཀོད་སྒྲིག་རབ་དང་རིམ་པ་ལག་བསྟར་དོན་འཁྱོལ་ནན་ཏན་བྱེད་དགོས། གནད་དོན་གཙོ་གནད་འབུར་ཐོན་པ་དང་། ཕྱོགས་ཁག་གི་ཐོན་ཁུངས་བསྡུ་སྒྲིལ་བྱས་ནས། ཐབས་ལམ་མང་པོའི་ཐོག་སྣ་མང་གནད་འཁེལ་ངང་དབུལ་སྐྱོར་ཐབས་ལམ་གསར་པ་འཚོལ་ཞིབ་བྱེད་པ་དང་། དབུལ་སྐྱོར་འགག་སྒྲོལ་ལས་ཀ་གཅིག་གྱུར་གྱིས་འཆར་འགོད་དང་སྣེ་ཁྲིད་ཡག་པོ་བྱས་ནས་ལའང་ཧྲན་ཁུལ་གྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཡོང་བར་བྱ་དགོས།།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1