འཇར་པན་གྱི་རྒྱལ་ས་ཐེ་ཁོ་ཡོ་རུ་ནན་ཅིན་དམར་གསོད་ཆེན་མོའི་དཔང་ཚིག་ཚོགས་འདུ་སྤེལ།

རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 12-10


         སྤྱི་ཟླ་12པའི་ཚེས་9ཉིན། འཇར་པན་གྱི་རྒྱལ་ས་ཐེ་ཁོ་ཡོའི་འདུ་ཁང་ཞིག་ཏུ་མི་མང་པོ་ལྷན་དུ་འཛོམས་སྟེ་ནན་ཅིན་དམར་གསོད་ཆེན་མོའི་་སྲོག་ཉེན་ལས་ཐར་བའི་ཁྲེན་ཏེ་ཧྲུའོ་ཡིས་རང་ཁྱིམ་ཚང་གི་ཉམ་ཐག་པའི་གནས་ཚུལ་བརྗོད་པར་ཉན། ཉིན་དེ་གར་ཐེ་ཁོ་ཡོའི་གྲོང་མིའི་ཚོགས་པས་གཙོ་སྒྲུབ་བྱས་པའི་ནན་ཅིན་དམར་གསོད་ཆེན་མོའི་དཔང་ཚིག་ཚོགས་འདུ་རུ་ནན་ཅིན་དམར་གསོད་ཆེན་མོའི་སྲོག་ཉེན་ལས་ཐར་བའི་ཁྲེན་ཏེ་ཧྲུའོ་གདན་འདྲེན་བྱས་ཏེ་ཁོ་རང་གི་ཉམ་ཐག་པའི་ཁྱིམ་ཚང་གི་གནས་ཚུལ་བརྗོད་པ་བརྒྱུད་དེ། ལོ་རྒྱུས་བརྗེད་མི་རུང་ཞིང་ཞི་བདེ་ལ་གཅེས་སྐྱོང་བྱེད་དགོས་པའི་འབོད་སྐུལ་བཏང་།།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1