ལྷ་སའི་སྤུས་དག་ཐོན་ལས་གཉེར་ཏེ་མི་དམངས་ལ་བདེ་སྐྱིད་བསྐྲུན།

རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 12-11


    ལྷ་ས་གྲོང་ཁྱེར་ཁྲེང་ཀོན་ཁུལ་གྱིས་མཐོ་སྒང་སྐྱེ་ལྡན་ཞིང་ཕྱུགས་ལས་ཀྱི་རྨང་གཞིའི་སྟེང་སྔོན་ཐོན་ལག་རྩལ་ལེགས་བཅོས་དང་སྲོལ་རྒྱུན་ཐོན་ལས་མཐོར་འདེགས་སུ་གཏོང་བ་དམིགས་སུ་བཟུང་སྟེ་ནུས་ཤུགས་ཡོད་རྒུས་མཐོ་སྒང་སྐྱེ་ལྡན་ལྷད་མེད་བཟའ་བཅའ་དང་སྤྲོ་གསེང་ཡུལ་སྐོར་སོགས་སྤུས་དག་ལྷད་མེད་ཐོན་ལས་གསར་སྤེལ་བྱས། ས་མཐོའི་དེང་རབས་ཞིང་ལས་འཕེལ་རྒྱས་ཀྱི་ཁ་ཕྱོགས་གསར་པ་འཚོལ་ཞིབ་བྱས་ཏེ་ས་གནས་དེ་གའི་ཞིང་འབྲོག་མང་ཚོགས་ཀྱིས་ཐོན་ཁུངས་ལ་བརྟེན་ནས་ཁེ་བཟང་ལོངས་སྤྱོད་བྱེད་ཐུབ་པ་བྱུང་།
    རྒྱུས་ལོན་བྱུང་བ་ལྟར་ན། མིག་སྔའི་བར། ལྷ་ས་གྲོང་ཁྱེར་ཁྲེང་ཀོན་ཁུལ་གྱིས་མ་དངུལ་སྒོར་དུང་ཕྱུར་4.54བཏང་ནས། སྤུས་དག་ལྷད་མེད་ཐོན་ལས་རྣམ་གྲངས་15ལག་བསྟར་བྱས་ཤིང་། མང་ཚོགས་དུད་ཚང་4930དང་མི་གྲངས་14947ལ་ཁེ་བཟང་བསྐྲུན། དུད་ཚང་རེར་ལོ་རེར་ཆ་སྙོམས་ཡོང་སྒོ་སྒོར་6000དང་མི་རེར་ཆ་སྙོམས་ལོ་རེའི་ཡོང་སྒོ་སྒོར་2000ལ་ཕེབས། སྤུས་དག་ལྷད་མེད་ཐོན་ལས་འཕེལ་རྒྱས་དང་མང་ཚོགས་ཡོང་སྒོ་འཕར་བ་མངོན་འགྱུར་བྱུང་། །


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1