ཝང་ཏུང་མིང་གིས་ཀྲུང་གོའི་སྨན་རྫས་སྤྱི་གཉེར་ཁང་གི་རྐང་བདག་འགན་འཛིན་པ་དང་སྤྱི་གཉེར་བ་དང་མཇལ་འཕྲད་གནང་།

རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 12-11


     སྤྱི་ཟླ་12པའི་ཚེས་9ཉིན་གྱི་སྔ་དྲོར།  ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་ཝང་ཏུང་མིང་དང་ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ། ཞིང་དཔོན་ཝའེ་ཧུང་གིས་ཁྲེན་ཏུའུ་ནས་ཀྲུང་གོའི་སྨན་རྫས་སྤྟི་གཉེར་ཁང་གི་རྐང་བདག་འགན་འཛིན་པ་དང་སྤྱི་གཉེར་བ་ཧྲེ་ལོས་ལེན་བཅས་པར་མཇལ་འཕྲད་གནང་པ་མ་ཟད་མཉམ་དུ་ཞིང་ཆེན་སྲིད་གཞུང་དང་ཀྲུང་གོའི་སྨན་རྫས་སྤྱི་གཉེར་ཁང་གི་འཐབ་ཇུས་མཉམ་ལས་ཇེ་ཟབ་ཏུ་གཏང་བའི་དྲན་ཐོར་མིང་རྟགས་འགོད་པའི་མཛད་སྒོར་ཞུགས། 
     མིང་རྟགས་བཀོད་པའི་མཛད་སྒོའི་ཐོག ཞིང་དཔོན་གཞོན་པ་ལིའུ་ཅེ་དང་ཀྲུང་གོའི་སྨན་རྫས་སྤྱི་གཉེར་ཁང་གི་སྤྱི་གཉེར་བ་ཧྲེ་ལོས་ལེན་གྱིས་ཕྱོགས་གཉིས་ཀྱི་ཚབ་བྱས་ཏེ་མཉམ་ལས་དྲན་ཐོར་མིང་རྟགས་བཀོད། ཞིང་ཆེན་སྲིད་གཞུང་གི་དྲུང་ཡིག་ཆེན་མོ་ལུའོ་ཆང་གིས་མཉམ་ལས་དྲན་ཐོར་མིང་རྟགས་བཀོད་པའི་འབྲེལ་ཡོད་གནས་ཚུལ་ངོ་སྤྲོད་གནང་།
     ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན། དྲུང་ཡིག་ཆེན་མོ་བོས་ཆིན་ཕིན། ཞིང་ཆེན་གྱི་ཐད་གཏོགས་འབྲེལ་ཡོད་སྡེ་ཚན་གྱི་འགན་འཁུར་བློ་མཐུན་རྣམས་མིང་རྟགས་བཀོད་པའི་མཛད་སྒོར་ཞུགས།། 
 
 


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1