༄༅།། བྱིས་པའི་ཆམ་ནད་སྐོར་ནས་མཉམ་འཇོག་དགོས་པ་འགའ་བཤད་པ།

རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 12-11


  ལོ་ན་ཕ་མ་ཚོར་ཉམས་མྱོང་འཛོམས་པོ་མེད་པས།    ལོ་ན་ཆུང་བའི་ཕྲུ་གུའི་བདེ་ཐང་སྐོར་ལ་མཉམ་འཇོག་དང་དོ་སྣང་མང་པོ་བྱེད་ཤེས་ཀྱི་མེད་ལ།   ཆུ་མ་ཡོང་གི་རགས་ལྟར་ཆམ་ནད་ལ་ལྗིད་མོ་མ་བྱུང་བའི་སྔོན་དུ་བྱིས་པའི་རྒྱུན་ལྡན་གྱི་བྱ་སྤྱོད་དང་རྣམ་འགྱུར་ལ་ལྟ་ལྟོག་བྱེད་དགོས་ཤིང་གཤམ་ནས་རང་གི་ཉམས་མྱོང་རེ་འགའ་བཤད་པར་བྱ། 

  གཅིག    ཆུ་གྲང་དང་ཞོར་ཟས་མང་པོ་ཟ་མི་ཉན།          ཟས་དྲོན་མོ་ཟོས་རྗེས་རབ་ཡིན་ན་ཆུ་གྲང་མ་འཐུང་ན་བཟང་ལ།   ཆུ་གྲང་འཐུང་རྒྱུ་མང་དྲགས་ན་ཁོག་པ་མི་བདེ་བ་དང་སྐྱུག་སླ་བ་རེད།    སྤྱིར་བཏང་དུ་ལོ་ན་ཆུང་བའི་བྱིས་པས་ཞོར་ཟས་ཟ་མི་རུང་ལ།  དེ་དག་ནང་དུ་རྫས་འགྱུར་གྱི་རིགས་སྣ་ཚོགས་འདུས་པས།   ཡི་ག་མི་འགག་པ་དང་བདེ་ཐང་ངང་འཚར་ལོས་བྱུང་བའི་ཕྱིར་དུ་དེའི་རིགས་ལ་ངེས་པར་འཛེམ་དགོས།   རྒྱུན་པར་ཆུ་ཁོལ་ཅུང་གྲང་ཐོན་རྗེས་ད་གཟོད་བྱིས་པར་ལྡུད་དགོས་ལ།   དེ་ལྟར་བྱས་ན་ཕོ་ཁ་ཡང་དྲོན་པོར་གྱུར་ན་ཟས་ཞུ་སླ་བར་བཤད།   ཞོར་ཟས་འདྲ་མིན་སྣ་ཚོགས་དང་ཡང་ན་ཉིན་མང་ཙམ་འགོར་བའི་སིལ་ཏོག་སོགས་ཟོས་ན་ཟས་དུག་ཕོག་པར་ཡང་ཉེན་ཁ་ཆེ་བས་དེ་དག་ལ་ཅིས་ཀྱང་གཟབ་དགོས། 

  གཉིས།   འོས་འཚམས་ཀྱི་ལྭ་བ་གྱོ ན་དགོས།   ཁྱིམ་ནང་ནས་ལྭ་བ་ཅུང་མཐུག་པོ་མ་གྱོ ན་ན་ཆོག་ན་ཡང་།  ཕྱི་ལ་འགྲོ་དུས་ངེས་པར་དུ་ལྭ་བ་ལྷག་མ་གྲ་སྒྲིག་བྱེད་དགོས།   ལྷག་པར་དུ་མཐོ་སྒང་ས་ཁུལ་གྱི་ནང་དགོང་གི་ནམ་ཟླའི་འགྱུར་ལྡོག་ཅུང་ཆེ་བས།   ནམ་ཟླའི་འགྱུར་ལྡོག་དང་བསྟུན་ནས་ལྭ་བ་གྱོ ན་དགོས།  

  གསུམ།   ཆམ་ནད་ཕོག་དུས་སྨན་གང་རུང་དུ་སྟེར་མི་ཉན།   སྤྱིར་བཏང་དུ་ཆམ་ནད་མ་བྱུང་བའི་སྔོན་དུ་བྱིས་པར་ཚ་ཅུང་ཙམ་རྒྱག་པའམ་ལུ་བ།  ཡང་ན་བྱིས་པའི་སེམས་ཁམས་དང་རྣམ་འགྱུར་ཇེ་གཉོམ་ལ་ཡོང་བ་སོགས་ཀྱི་བྱ་སྤྱོད་འབྱུང་ངེས་ཡིན།    དེ་དུས་ཅིས་ཀྱང་མཉམ་འཇོག་ལ།   རབ་ཡིན་ན་བྱིས་པར་སྨན་ལྡུད་པའམ་སྐབས་ཐོག་ཏུ་སྨན་ཁང་ལ་སོང་ནས་སྨན་པའི་མངག་བཅོལ་ལ་ཉན་དགོས།    རྒྱུན་ལྡན་གྱི་དུས་ཚོད་ནང་དུའང་བྱིས་པའི་ལུས་པོའི་དྲོད་ཚད་ལ་བརྟག་པའམ་དགོང་མོ་ཉལ་བའི་དུས་སུ་ཡང་བྱིས་པའི་མགོ་ལ་མལ་ཐུབ་བཀལ་ཡོད་མེད་དང་།   ལོགས་སུ་ཤོར་ཡོད་མེད་སོགས་ལ་ཅིས་ཀྱང་གཟབ་དགོས།    བྱིས་པའི་ལུས་པོ་ནི་འཚར་ལོངས་བྱུང་བཞིན་པའི་སྒང་ཡིན་པས་བྱིས་པའི་སྨན་ལྡུད་པ་ལས་ནུས་པ ཆེ་བའི་མི་དར་མའི་སྨན་ནི་སྟེར་མི་རུང་བ་ཤེས་དགོས།   

  བཞི།    ཚ་རྒྱག་དུས་བྱེད་ཐབས་སྣ་མང་བཀོལ་ཆོག   ཚ་ཅུང་ཙམ་ཡོད་པ་ཡིན་ན་ལག་ཕྱིས་དེ་ཆུ་འཇམ་པོའི་ནང་སྦང་ ནས་ཆུ་བཙུར་རྗེས་བྱིས་པའི་ཐོད་པ་དང་རྐང་ལག་སོགས་ཕྱིས་ནས་ལུས་དྲོད་ཇེ་གཉོམ་དུ་བཏང་ཡོད་ལ།    དྲོད་ཚད་ཏུའུ་སོ་བདུན་ནས་སོ་བརྒྱད་བར་ཡིན་ན་སྨན་ཁང་དུ་སོང་ན་འགྲིག    གཙོ་བོ་བྱིས་པའི་ཚ་ནི་གློ་བུར་དུ་ཇེ་མཐོར་ཡང་འགྲོ་སྲིད་པས་དུས་ཚོད་དལ་འགོར་མི་བྱེད་པར་སྨན་ཁང་དུ་འགྲོ་དགོས།     སྨན་ཁང་དུ་ཐོན་དུས་ཀྱང་རབ་ཡིན་ན་ཉམས་མྱོང་ཡོད་པའི་སྨན་པར་གནས་ཚུལ་ཞུ་དགོས་པ་དང་།    ནད་ཀྱི་ངོ་བོ་ལ་རྒྱུས་ལོན་ཟབ་མོ་བྱས་རྗེས་ད་གཟོད་དེ་བསྟུན་གྱི་སྨན་བཅོས་བྱས་ན་བཟང་།།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1