ཀྲུང་གོའི་བོད་ཀྱི་རོལ་དབྱངས་ཐོན་ལས་རྟེན་གཞིར་སྒོ་བྱང་འགེལ་པའི་མཛད་སྒོ་ལྷ་སར་སྤེལ།

རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 12-28


  སྤྱི་ཟླ་12པའི་ཚེས་26ཉིན། བོད་རང་སྐྱོང་ལྗོངས་རིག་གནས་ཐིང་རིག་གནས་ཐོན་ལས་ཁྲུའུ་ཡི་སྣེ་ཁྲིད་བྱས་ཤིང་བོད་རང་སྐྱོང་ལྗོངས་མང་ཚོགས་སྒྱུ་རྩལ་ཁང་གི་གཙོ་སྒྲུབ་དང་བོད་རང་སྐྱོང་ལྗོངས་རོལ་དབྱངས་མཐུན་ཚོགས་ཀྱི་རོགས་སྒྲུབ་གནང་བ། བོད་ལྗོངས་ཐིན་ས་རིག་གནས་དར་སྤེལ་ཚད་ཡོད་སྤྱི་གཉེར་ཁང་གིས་འགན་སྒྲུབ་གནང་པའི་ཀྲུང་གོའི་བོད་ཀྱི་རོལ་དབྱངས་ཐོན་ལས་རྟེན་གཞིར་སྒོ་བྱང་འགེལ་པའི་མཛད་སྒོ་དང་ཀྲུང་གོའི་བོད་ཀྱི་རོལ་དབྱངས་ཐོན་ལས་བགྲོ་གླེང་ཚོགས་འདུ་ལྷ་སར་སྤེལ།

  ཐེངས་འདིའི་མཛད་སྒོར་ཞིང་ལྗོངས་ལྔའི་རིག་གནས་སྡེ་ཁག་གི་འགན་འཛིན་དང་ཆེད་རམས་པ་སོགས་སྒོ་བྱང་འགེལ་བའི་མཛད་སྒོར་ཞུགས་པ་དང་ཉིན་དེར་འཚོགས་པའི་ཀྲུངགོའི་བོད་ཀྱི་རོལ་དབྱངས་ཐོན་ལས་བགྲོ་གླེང་ཚོགས་འདུའི་སྟེང་ཞིང་ལྗོངས་ལྔའི་རིག་གནས་སྡེ་ཁག་གི་འབྲེལ་ཡོད་འགན་འཛིན་པ་དང་ཆེད་རམས་པ། སྐུ་མགྲོན་དག་གིས་ཀྲུང་གོའི་བོད་ཀྱི་རོལ་དབྱངས་ཐོན་ལས་ཅན་གྱི་འཛུགས་སྐྲུན་དང་རྟེན་གཞིའི་ཡན་ལག་ལས་གཞི་སྟེ་ཀྲུང་གོའི་བོད་ཀྱི་རོལ་དབྱངས་འགྲེམ་སྟོན་ཚོགས་འདུ་སྤེལ་བར་གྲོས་ཞིབ་མཛད་དེ་མཐར་2016ལོར་ཀྲུང་གོའི་བོད་ཀྱི་རོལ་དབྱངས་འགྲེམ་སྟོན་ཚོགས་འདུ་སྤེལ་བའི་ཐོག་མའི་འཆར་གཞི་བཏོན།

 གཏམ་བཤད་པའི་མཇུག་མཐར་ཀྲུང་གོའི་བོད་ཀྱི་རོལ་དབྱངས་ཐོན་ལས་རྟེན་གཞི་དངོས་སུ་བཙུགས་པ་འདི་ངེད་སྤྱི་གཉེར་ཁང་གིས་ལས་དོན་ཙམ་མ་ཡིན་པར་བོད་རང་སྐྱོང་ལྗོངས་ཀྱི་རོལ་དབྱངས་ཐོན་ལས་དང་ལྗོངས་ཞིང་ལྔ། དེ་མིན་རྒྱལ་ཡོངས་རོལ་དབྱངས་ཐོན་ལས་དང་བོད་ཀྱི་རོལ་དབྱངས་ལས་དོན་ལ་འབད་པ་བྱེད་བཞིན་པའི་སྐྱེས་པོ་ཀུན་ལ་མཚོན་ནའང་སྐུལ་ཤུགས་ཆེན་པོ་ཡིན་པས་འདིས་བོད་ཀྱི་རོལ་དབྱངས་འཕེལ་རྒྱུས་ལ་སྐུལ་འདེད་ཀྱིས་ནུས་པ་འདོན་ངེས་ཞེས་བསྟན།། 



དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1