རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་བཅོ་བརྒྱད་པ་མཇུག་སྒྲིལ།

རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 12-29


  སྤྱི་ཟླ་12པའི་ཚེས་27ཉིན།  སྐབས་བཅུ་གཉིས་པའི་རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་པའི་རྒྱུན་ལས་ཨུ་ལྷན་གྱི་གྲོས་ཚོགས་ཐེངས་བཅོ་བརྒྱད་པ་མི་དམངས་ཚོགས་ཁང་ཆེན་མོའི་ནང་མཇུག་སྒྲིལ། གྲོས་ཚོགས་སྟེང་འཇིགས་སྐུལ་རིང་ལུགས་ལ་ངོ་རྒོལ་བྱེད་པའི་བཅའ་ཁྲིམས་དང་ཁྱིམ་ཚང་རྩུབ་སྤྱོད་ལ་ངོ་རྒོལ་བྱེད་པའི་བཅའ་ཁྲིམས། རྒྱལ་ཁབ་མཛད་རྗེས་གཟེངས་རྟགས་དང་རྒྱལ་ཁབ་གཟེངས་བསྟོད་མཚན་སྙན་གྱི་བཅའ་ཁྲིམས་ལ་གྲོས་འཆམ་བྱུང་བར་མ་ཟད། རྒྱལ་ཡོངས་དམངས་ཆེན་རྒྱུན་ཨུའི་སློབ་གསོ་བཅའ་ཁྲིམས་བཟོ་བཅོས་སྐོར་གྱི་ཐག་གཅོད་དང་མཐོ་རིམ་སློབ་གསོ་བཅའ་ཁྲིམས་བཟོ་བཅོས་སྐོར་གྱི་ཐག་གཅོད། མི་གྲངས་དང་འཆར་ལྡན་བུ་གསོའི་བཅའ་ཁྲིམས་བཟོ་བཅོས་སྐོར་གྱི་ཐག་གཅོད་ལ་གྲོས་འཆམ་བྱུང་། དེ་མིན་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཀྲུའུ་ཞི་བཀའ་ཁྱབ་36པ་དང་38པ། 39བ། 40བ། 41པ་བཅས་ལ་མིང་རྟགས་བཀོལ་ཏེ་ཁྱབ་བསྒྲགས་བྱས།། 


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1