སི་རི་ཡ་རྒྱལ་ཁབ་ཀྱི་ཞི་བའི་གྲོས་མོལ་སྤྱི་ཟླ་1པའི་ཚེས་25ཉིན་སྤེལ་རྒྱུ་རེད།

རྣམ་དཀར་ལྷ་མོས་བསྒྱུར། རྩོམ་སྒྲིག་པ།རྣམ་དཀར་ལྷ་མོ།ཡོང་ཁུངས།ཀྲུང་གོའི་གསར་འགྱུར་དྲ་བ། སྤེལ་དུས། 12-29



ཀྲུང་གོའི་གསར་འགྱུར་དྲ་བས་སྤྱི་ཟླ་12པའི་ཚེས་27ཉིན་བསྒྲགས་པའི་གསར་འགྱུར་ལྟར་ན། ཕམཉམ་འབྲེལ་རྒྱལ་ཚོགས་ཀྱི་སི་རི་ཡའི་ཆེད་མངགས་སྐུ་ཚབ་རྡུ་མི་སི་ཐུ་ལ་ཡིས་སང་ལོའི་སྤྱི་ཟླ་1པོའི་ཚེས་25ཉིན་རི་ནེ་ཝ་རུ་སི་རི་ཡ་སྲིད་གཞུང་དང་ངོ་རྒོལ་ཤོག་ཁག་གི་འཐུས་ཚབ་སོ་སོ་མཉམ་དུ་བསྡུས་ཏེ་ཞི་བའི་གྲོས་མོལ་འཚོགས་རྒྱུ་ཡིན་པའི་བསམ་ཚུལ་བསྟན།

ཁྱབ་བསྒྲགས་བྱས་པ་ལྟར་ན། རྡུ་མི་སི་ཐུ་ལ་ཡིས་མཉམ་འབྲེལ་རྒྱལ་ཚོགས་བདེ་འཇགས་ལས་འཛིན་ཚོགས་པས་ཚེས་18ཉིན་སི་རི་ཡའི་ཞི་བདེ་འཕེལ་རིམ་ལ་གྲོས་འཆམ་བྱུང་རྗེས་སི་རི་ཡ་སྲིད་གཞུང་དང་ངོ་རྒོལ་ཤོག་ཁག་སོ་སོའི་བར་གྱི་འདུམ་འགྲིག་ཧུར་ཐག་བྱས་པ་ཡིན་ཞེས་བསྟན།

ཁོས་འཆར་གཞི་ལྟར་ན་སང་ལོའི་སྤྱི་ཟླ་1པོའི་ཟླ་སྟོད་དུ་སི་རི་ཡའི་ཤོག་ཁག་སོ་སོའི་བར་གྱི་གྲོས་བསྡུར་མཇུག་སྒྲིལ་ཏེ་སྤྱི་ཟླ་1པོའི་ཚེས་25ཉིན་སི་ཝེས་ཙེར་རྒྱལ་ཁབ་ཀྱི་རི་ནེ་ཝ་རུ་སི་རི་ཡའི་ཤོག་ཁག་སོ་སོ་བསྡུས་ནས་གྲོས་འཆམ་བྱ་རྒྱུ་རེད།།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1