ཞིང་ཆེན་ཏང་ཨུའི་དཔལ་འབྱོར་ལས་ཀ་དང་གྲོང་ཁྱེར་ལས་ཀའི་ཚོགས་འདུ་ཁྲེན་ཏུའུ་རུ་འཚོགས།

རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 12-30


2015ལོའི་ཟླ་12པའི་ཚེས་27ཉིན་ནས་ཚེས་28ཉིན་བར། ཞིང་ཆེན་ཏང་ཨུའི་དཔལ་འབྱོར་ལས་ཀ་དང་གྲོང་ཁྱེར་ལས་ཀའི་ཚོགས་འདུ་ཁྲེན་ཏུའུ་རུ་འཚོགས། ཚོགས་འདུ་ལས་ཏང་གི་སྐབས་བཅོ་བརྒྱད་པའི་ཀྲུང་ཨུའི་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པ་དང་ཀྲུང་དབྱང་དཔལ་འབྱོར་ལས་ཀའི་ཚོགས་འདུ། ཀྲུང་དབྱང་གྲོང་ཁྱེར་ལས་ཀའི་ཚོགས་འདུ་དང་ཞིང་ཆེན་ཏང་ཨུའི་སྐབས་བཅུ་པའི་ཚང་འཛོམས་གྲོས་ཚོགས་ཐེངས་བདུན་པའི་དགོངས་དོན་ལ་སློབ་སྦྱོང་དང་ལག་བསྟར་ཟབ་མོ་བྱས་ཤིང་སི་ཁྲོན་ཞིང་ཆེན་2016ལོའི་དཔལ་འབྱོར་ལས་ཀ་དང་གྲོང་ཁྱེར་ལས་ཀར་ཞིབ་འཇུག་བཀོད་སྒྲིག་བྱས། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་ཝང་ཏུང་མིང་གིས་གསུང་བཤད་གལ་ཆེན་གནང་། ཞིང་ཆེན་སྲིད་གྲོས་ཀྱི་ཀྲུའུ་ཞི་ཁོ་ཙི་ཕིན་དང་ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ་དབྱི་ལི་ཚོགས་འདུར་ཞུགས།

ཝང་ཏུང་མིང་གིས་གསུང་བཤད་ཁྲོད་སི་ཁྲོན་ཞིང་ཆེན་གྱི་2015ལོའི་དཔལ་འབྱོར་གནས་བབ་དང་། རྣམ་པ་གསར་པའི་འོག་གི་སི་ཁྲོན་འཕེལ་རྒྱས་དུས་རིམ་གྱི་ཁྱད་ཆོས་ལ་མ་ལག་རྒྱུད་ཁོངས་ཀྱི་སྒོ་ནས་དབྱེ་ཞིབ་གནང་། 2016ལོའི་ཞིང་ཆེན་ཡོངས་ཀྱི་དཔལ་འབྱོར་ལས་ཀའི་ཕྱོགས་བསྡུས་ཀྱི་བླང་བྱ་དང་སྔོན་དཔག་དམིགས་ཚད། ལས་འགན་གཙོ་བོ་བཅས་བཏོན་ཞིང་དཔལ་འབྱོར་ལས་ཀ་དང་གྲོང་ཁྱེར་ལས་ཀར་བཀོད་སྒྲིག་དང་བླང་བྱ་བཏོན། 

ཚོགས་འདིིའི་ཁྲོད་ཞིང་ཆེན་གྱི་ལས་བགོས་འགན་ཁུར་པས་ཀྲུང་དབྱང་དང་ཞིང་ཆེན་ཏང་ཨུའི་གྲོང་ཁྱེར་ལས་ཀའི་ཐད་ཀྱི་ཇུས་ཆོད་བཀོད་སྒྲིག་ལ་དམིགས་ནས་བཀོད་སྒྲིག་ཞིབ་ཕྲ་བྱས། 

 བོད་ལྗོངས་པང་ཁའི་རྗེས་ཤུལ་དེ་ཉིད་རྡོ་ཆས་གསར་མའི་སྔོན་གྱི་རིག་གནས་རྗེས་ཤུལ་ཡིན་པ་གཏན་འཁེལ་བྱས།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1