ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱིས་དམངས་གཙོ་འཚོ་བའི་ཆེད་དོན་ཚོགས་འདུ་འཚོགས།

རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 12-30


  སྤྱི་ཟླ་12པའི་ཚེས་28ཉིན་ནས་ཚེས་29ཉིན། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱིས་དམངས་གཙོ་འཚོ་བའི་ཆེད་དོན་ཚོགས་འདུ་འཚོགས། དྲང་གསུམ་ནན་གསུམ་གྱི་ལག་ལེན་ཞིབ་བཤེར་གནས་ཚུལ་ལ་དམིགས་ཏེ་ཏང་སྲོལ་ཡོ་བསྲང་དང་སྲིད་དོན་གཙང་སྐྱོང་གི་འཛུགས་སྐྲུན་ཇུས་གཞིར་ཞིབ་འཇུག་བྱས། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཞི་ཅིན་ཕིང་གིས་གྲོས་ཚོགས་ལ་གཙོ་སྐྱོང་གནང་བར་མ་ཟད་གཏམ་བཤད་གལ་ཆེན་གནང་།

  ཐེངས་འདིའི་གྲོས་ཚོགས་ནི་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་དྲང་གསུམ་ནན་གསུམ་གྱི་ཆེད་དོན་སློབ་གསོར་ཞུགས་པའི་བྱེད་སྒོ་གལ་ཆེན་ཞིག་ཡིན། གྲོས་ཚོགས་ཀྱི་སྔོན་ལ་འབྲེལ་སྡེ་ཁག་གི་གྲ་སྒྲིག་ལེགས་པོ་བྱས་ཏེ་གཅིག་ནས་དྲང་གསུམ་ནན་གསུམ་གྱི་ཆེད་དོན་སློབ་གསོའི་བྱ་བ་དང་2013ལོའི་ཟླ་དྲུག་པའི་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་ཆེད་དོན་གྲོས་ཚོགས་ཀྱི་ཚུན་ལ་ཀྲུང་དབྱང་གི་གཏན་འཁེལ་བརྒྱད་ལག་བསྟར་བྱས་པ་དང་སྤྱོད་ཚུལ་འཛུགས་སྐྲུན་ལ་ཤུགས་སྣོན་པའི་བྱེད་ཐབས་དངོས་འབེབས་བྱས་པའི་གནས་ཚུལ་ལ་ཞིབ་བཤེར་བྱས། གཉིས་ནས་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་དྲང་གསུམ་ནན་གསུམ་ལག་བསྟར་བྱས་པ་དང་རང་སྟེང་གི་འཛུགས་སྐྲུན་ལ་ཤུགས་བསྣན་པའི་ཐད་ནས་རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་ཏང་ཙུའུ་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་ཏང་ཙུའུ། རྒྱལ་ཡོངས་སྲིད་གྲོས་ཏང་ཙུའུ། ཆེས་མཐོའི་མི་དམངས་ཁྲིམས་ཁང་ཏང་ཙུའུ། ཆེས་མཐོའི་མི་དམངས་ཞིབ་དཔྱོད་ཁང་ཏང་ཙུའུ། ཞིང་ཆེན་དང་རང་སྐྱོང་ལྗོངས། གྲོང་ཁྱེར་བཅས་ཀྱི་ཏང་ཨུ། ཀྲུང་དབྱང་གི་པུའུ་དང་ཨུ་ཡོན་ལྷན་ཁང་སོ་སོ། རྒྱལ་ཁབ་ལས་ཁུངས་ཀྱི་པུའུ་དང་ཨུ་ཡོན་ལྷན་ཁང་སོ་སོའི་ཏང་ཙུའུ་དང་ཏང་ཨུ། མི་དམངས་ཚོགས་པ་སོ་སོ། དམངས་གཙོ་ཏང་ཁག་སོ་སོའི་ཀྲུང་དབྱང་། རྒྱལ་ཡོངས་བཟོ་ཚོང་མཉམ་འབྲེལ་ལྷན་ཚོགས། ཏང་ཁག་གང་ལའང་མི་གཏོགས་པའི་མི་སྣའི་འཐུས་མི། དེ་མིན་སྔོན་ཆད་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ལས་ཨུ་ཡོན་སོགས་ཀྱི་འགན་འཁུར་བའི་བློ་མཐུན་རྒན་པ་བཅས་ཀྱི་བསམ་འཆར་བསྡུ་ལེན་བྱས། གསུམ་ནས་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་བློ་མཐུན་རྣམས་ཀྱིས་ཁྱབ་ཁོངས་ངེས་ཅན་ཞིག་ནས་ཏང་གི་བསླབ་གཞི་སློབ་ཁྲིད་བྱས་པར་མ་ཟད། འབྲེལ་ཡོད་འགན་འཁུར་བློ་མཐུན་ལ་སེམས་གཏམ་བརྗོད་པ་དང་། གཙོ་བོ་ཏང་ཀྲུང་དབྱང་གི་དབང་ཟིལ་དང་ཏང་གི་མཐུན་སྒྲིལ་སྲུང་སྐྱོབ། ཁྱོན་ཡོངས་དང་ལེན་དང་སྲུང་སྐྱོབ། ཆབ་སྲིད་དང་རྩ་འཛུགས་སྒྲིག་ལམ་བརྩི་སྲུང་། འདྲ་མཉམ་དབང་སྤྱོད་དང་སྤྱོད་གཙང་རང་གཅུན་སོགས་ཀྱི་ཕྱོགས་ལ་ཞིབ་བཤེར་དང་གཏམ་བཤད་རྒྱུ་ཆ་བྲིས།

  ཞི་ཅིན་ཕིང་གིས་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱིས་དྲང་གསུམ་ནན་གསུམ་གྱི་མིག་དཔེ་བཟང་བོ་སྟོན་དགོས་པའི་ཐད་ནས་གཤམ་གསལ་གྱི་རེ་བ་བཞི་བཏོན།

དང་པོ། རང་རྟོགས་སྒོས་དྲང་གསུམ་ནན་གསུམ་གྱི་རེ་བ་བློ་བརྟན་འགྱུར་མེད་སྒོས་ཡང་དག་པའི་ཆབ་སྲིད་ཁ་ཕྱོགས་སྟེང་མཚོན་པར་བྱེད་རྒྱུ་རྒྱུན་འཁྱོངས་བྱ་དགོས།

གཉིས་པ། རང་རྟོགས་སྒོས་དྲང་གསུམ་ནན་གསུམ་གྱི་རེ་བ་ཏང་ཀྲུང་དབྱང་གི་གལ་ཆེན་ཇུས་གཞིའི་བཀོད་སྒྲིག་སྟེང་ལག་བསྟར་བྱ་དགོས། 

གསུམ་པ། རང་རྟོགས་སྒོས་དྲང་གསུམ་ནན་གསུམ་གྱི་རེ་བ་ལས་བགོས་ཕྱོགས་ཀྱི་དོ་དམ་སྟེང་མཚོན་པར་བྱ་དགོས། 

བཞི་བ། རང་རྟོགས་སྒོས་དྲང་གསུམ་ནན་གསུམ་གྱི་རེ་བ་རང་ལ་རེ་བ་ནན་མོ་འདོན་པའི་སྟེང་མཚོན་པར་བྱ་དགོས།།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1