མཛོད་དགེ་རྫོང་ཆོས་རྗེ་ལྟེ་གནས་སློབ་ཆུང་དང་འོད་གཙང་སྡེ་བའི་སློབ་ཆུང་ལ་ཞལ་འདེབས་ཐོབ་པ།

ཚེ་བརྟན་སྒྲོལ་མས་བསྒྱུར། རྩོམ་སྒྲིག་པ།ཚེ་བརྟན་སྒྲོལ་མ།ཡོང་ཁུངས།སི་ཁྲོན་གསར་འགྱུར་དྲ་བ། སྤེལ་དུས། 01-05


    ཉེ་ཆར། ཏུའུ་ཅང་ཡན་ཅིན་ཧུང་གོ་ཡུན་མགྲོན་ཁང་གི་ལས་རོགས་པ་ལོ་ཅིན་སོགས་མི་8ཀྱིས་དཀའ་ཚེག་ལ་མ་འཛེམ་པར་མཛོད་དགེ་རྫོང་ཆོས་རྗེ་ཡུལ་ཤོག་དང་རྨེ་ཤུལ་ཡུལ་ཤོག་ཏུ་ཡོང་སྟེ་ལོ་གསར་བསུས་པ་དང་། དྲོ་སྐྱོད་སྐྱེལ་བ་ཞེས་པའི་དངོས་པོའི་ཞལ་འདེབས་བྱེད་སྒོ་སྤེལ། བསྡོམས་པས་ཆོས་རྗེ་ཡུལ་ཤོག་ལྟེ་གནས་ཀྱི་སློབ་གྲྭ་ལ་སྒོར་ཁྲི་6དང་དེ་མིན་གྱོན་ཆས། དཔེ་ཆ། དཔེ་ཁུག་སོགས་དངོས་རྫས་1178ཞལ་འདེབས་སུ་སྤྲད། རྨེ་ཤུལ་ཡུལ་ཤོག་འོད་གཙང་སྡེ་བའི་སློབ་ཆུང་དུ་བྱས་བརྩེའི་དཔེ་ཁང་གི་སྒོ་བྱང་འགེལ་བའི་མཛད་སྒོ་སྤེལ་བར་མ་ཟད།  སྒོར་43650དང་། དཔེ་ཁུག དཔེ་དེབ་སོགས་སློབ་མའི་སྤྱོད་ཆོས་1601ཞལ་འདེབས་སུ་སྤྲད།  དེ་མིན་དཀའ་ངལ་ཡོད་པའི་ཁྱིམ་ཚང་གི་སློབ་མ་6་ལ་མི་རེར་སྒོར་1000གི་རོགས་སྐྱོར་གནང་།།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1