ཀྲང་ཏེ་ཅང་གིས་ཁེ་ན་ཏའི་གྲོས་ཞུགས་དཔོན་པོ་ཧྥུའུ་ལི་དང་གྲོས་མོལ་མཛད།

རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 01-05


  སྤྱི་ཟླ་1པའི་ཚེས་4ཉིན། རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་ཀྲང་ཏེ་ཅང་གིས་མི་དམངས་ཚོགས་ཁང་ཆེན་མོའི་ནང་ཁེ་ན་ཏའི་གྲོས་ཞུགས་དཔོན་པོ་ཧྥུའུ་ལི་དང་གྲོས་མོལ་མཛད། 

  ཀྲང་ཏེ་ཅང་གིས་རྒྱལ་ཁབ་གཉིས་ཀྱི་འབྲེལ་བ་བཙུགས་ཏེ་ལོ་ངོ་45འགོར་བའི་རིང་ལ། ཀྲུང་གོ་དང་ཁེ་ན་ཏ་ཡི་ཁྱབ་ཁོངས་སོ་སོའི་མཉམ་འབྲེལ་གྱིས་ཕྱོགས་གཉིས་ལ་ཁེ་ཕན་ཆེན་པོ་བསྐྲུན། 2015ལོའི་རྒྱལ་ཁབ་ཉི་ཤུ་ཚོགས་པའི་དབུ་ཁྲིད་པའི་མཐོ་རིམ་གྲོས་ཚོགས་ཀྱི་སྐབས་སུ་ཀྲུའུ་ཞི་ཞི་ཅིན་ཕིང་དང་ཙུང་ལི་ཏི་ལོ་ཏོའོ་རྣམ་གཉིས་ཀྱིས་གྲོས་མོལ་མཛད་དེ་གནས་བབས་གསར་པའི་འོག་གི་ཀྲུང་གོ་དང་ཁེ་ན་ཏའི་འཐབ་ཇུས་འབྲེལ་བའི་ཕྱོགས་ཡོངས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་ཐད་ལ་ཐུན་མོང་གི་ངོས་འཛིན་བྱུང་། ཀྲུང་གོ་ཕྱོགས་ནས་ཁེ་ན་ཏ་དང་མཉམ་དུ་སོ་སོའི་བདམས་པའི་འཕེལ་རྒྱས་བགྲོད་ལམ་དང་ཁེ་ཕན་གཙོ་བོར་བརྩི་བཀུར་བྱས་ཏེ་རྒྱལ་ཁབ་གཉིས་ཀྱི་དབུ་ཁྲིད་པའི་ཐུན་མོང་ངོས་འཛིན་ལག་བསྟར་ལེགས་པོ་བྱེད་པ་དང་། དེ་མིན་སྲིད་གཞུང་དང་གྲོས་ཚོགས། སྲིད་ཏང་། ས་གནས་སོགས་ཀྱི་འགྲོ་འོང་གཏིང་ཟབ་ཏུ་སྤེལ་ཏེ་ཁྱབ་ཁོངས་སོ་སོའི་མཉམ་འབྲེལ་ལ་སྐུལ་འདེད་དང་ཀྲུང་གོ་དང་ཁེ་ན་ཏ་ཡི་རྣམ་པ་གསར་པའི་འབྲེལ་བ་གསར་བསྐྲུན་བྱ་འདོད་ཅེས་བསྟན།

  ཧྥའུ་ལོའོ་ཡིས་ཁེ་ན་ཏ་དང་ཀྲུང་གོའི་མཉམ་འབྲེལ་རྨང་གཞི་ཤིན་ཏུ་བཟང་བ་དང་ཕན་ཚུན་གྱི་གསབ་སྐོང་རང་བཞིན་དང་མདུན་ལྗོངས་ཤིན་ཏུ་ལེགས། ཁེ་ན་ཏ་དང་ཀྲུང་གོའི་འབྲེལ་བ་འཕེལ་རྒྱས་དང་གཉིས་ཕན་མཉམ་འབྲེལ་གཏིང་ཟབ་ཏུ་སྤེལ་བ་དེ་རྒྱལ་ཁབ་གཉིས་ཀྱི་ཁེ་ཕན་དང་མཐུན། ཁེ་ན་ཏའི་གྲོས་ཚོགས་ཀྱིས་ཀྲུང་གོ་ནི་ཕྱི་འབྲེལ་འཕེལ་རྒྱས་སུ་གཏོང་བའི་ཁ་ཕྱོགས་གཙོ་བོར་འཛིན་བཞིན་ཡོད། དེ་མིན་ཀྲུང་གོའི་དམངས་ཆེན་བར་གྱི་འགྲོ་འོང་དམ་ཟབ་ཏུ་སྤེལ་ཏེ་རྒྱལ་ཁབ་གཉིས་ཀྱི་ཁྱབ་ཁོངས་སོ་སོའི་དངོས་དོན་མཉམ་འབྲེལ་ལ་སྐུལ་འདེད་དང་མི་དམངས་བར་གྱི་རྒྱུས་ལོན་དང་མཛའ་བརྩེ་གོང་འཕེལ་དུ་གཏང་ནས་ཁེ་ན་ཏ་དང་ཀྲུང་གོའི་འབྲེལ་བའི་འཕེལ་རྒྱས་ལ་ལས་ཀ་མང་པོ་བསྒྲུབས་འདོད་ཅེས་བསྟན།།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1