སྡེ་དགེ་རྫོང་སྲིད་གཞུང་གི་འགོ་ཁྲིད་ཚན་ཆུང་གིས་དྲང་གསུམ་ནན་གསུམ་གྱི་ཆེད་དོན་སློབ་གསོ་སྤེལ།

རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 01-06


     ཀྲུང་དབྱང་དང་ཞིང་ཆེན་ཏང་ཨུ། དཀར་མཛེས་ཁུལ་ཨུ་དང་སྡེ་དགེ་རྫོང་ཨུའི་གཅིག་གྱུར་བཀོད་སྒྲིག་ལྟར། ད་ལོ་སྡེ་དགེ་རྫོང་སྲིད་གཞུང་གི་འགོ་ཁྲིད་ཚན་ཆུང་གིས་ཕྱོགས་ཡོངས་ནས་དྲང་གསུམ་ནན་གསུམ་གྱི་ཆེད་དོན་སློབ་གསོའི་བྱེད་སྒོ་སྤེལ་པ་ནས་བཟུང་། སྤུས་ཚད་མཐོ་བའི་སྒོ་ནས་ཆེད་དོན་གྱི་ཏང་གི་ཤེས་བྱའི་སློབ་ཁྲིད་དང་ཆེད་དོན་བགྲོ་གླེང་སོགས་གཏན་འབེབས་བྱ་སྤྱོད་ལེགས་འགྲུབ་བྱུང་ཡོད་ལ། གཅིག་སྡུད་ཐོག་འགོ་ཁྲིད་ལས་བྱེད་པའི་བྱ་སྤྱོད་ངན་པ་སོགས་ཀྱི་ཁེ་ཕན་ལ་གནོད་པའི་གནད་དོན་རྣམས་རྣམས་དག་ཐེར་ལེགས་སྒྲིག་བྱས་ཤིང་དེ་མཐུན་གྱི་གྲུབ་འབྲས་མངོན་གསལ་བླངས།

     དྲང་གསུམ་ནན་གསུམ་གྱི་ཆེད་དོན་སློབ་གསོ་སྤེལ་པ་ནས་བཟུང་། རྫོང་དེའི་སྲིད་གཞུང་གི་འགོ་ཁྲིད་ཚན་ཆུང་གི་ཏང་ཡོན་ལས་བྱེད་པའི་དམིགས་ཡུལ་གྱི་འདུ་ཤེས་དང་ཏང་གཤིས་ཀྱི་འདུ་ཤེས་མངོན་གསལ་དོད་པོས་ཆེ་རུ་སོང་ཡོད་ལ། ཞབས་ཞུའི་ཆུ་ཚད་དང་ལས་ཀའི་སྤྱོད་ཚུལ་མངོན་གསལ་གྱིས་ལེགས་བཅོས་བྱུང་བར་མ་ཟད་མིག་མཐོང་ལག་ཟིན་གྱི་གྲུབ་འབྲས་ཐོབ།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1