༄༅།།ཟླ་བའི་གོ་ལའི་རྒྱབ་ངོས་སུ་ཡོད་པའི་འཇིག་རྟེན་གཞན་གྱི་མི།

རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 07-05



        སྤྱི་ལོ་1969ཟླ་བ་7ཚེས་20ཉིན་ཨ་རིའི་ཤར་ཕྱོགས་ཆུ་ཚོད་22:56ཐོག་༼ཨ་ཕོ་ལོ་ཨང་11༽ལེགས་སྒྲུབ་ངང་ཟླ་བའི་གོ་ལའི་སྟེང་དུ་འཛེགས་ཐུབ་པ་བྱུང་ཡོད། འཇིག་རྟེན་འཕུར་སྐྱོད་པ་ཨམ་སེ་ཀྲོང་ནི་མིའི་རིགས་ཀྱི་ལོ་རྒྱུས་ཐོག་ཟླ་བའི་གོ་ལའི་སྟེང་སྐྱོད་མཁན་དང་པོ་དེ་ཆགས་ཡོད་པ་དང་འཛམ་གླིང་ས་ཕྱོགས་གང་སར་གསར་འགྱུར་དེ་བཞིན་བརྙན་འཕྲིན་དང་རླུང་འཕྲིན་བརྒྱུད་ཐད་གཏོང་གྱིས་ཚ་རླབས་ལང་ལོང་དུ་འཕྱུར་བཞིན་པའི་སྐབས་གློ་བུར་འཇིག་རྟེན་འཕུར་སྐྱོད་པས་ང་ཡིད་ཆེས་ཐབས་བྲལ་སོང་། འདི་གར་འཇིག་རྟེན་གཞན་གྱི་འཕུར་གྲུ་ཡང་འདུག ཁོ་ཚོས་ང་ཚོར་མིག་ཅེ་རེར་ལྟ་བཞིན་འདུག་ཅེས་སྐད་ཆ་ཚིག་འགའ་བརྗོད་པ་ཐོས་འཕྲལ་གློ་བུར་བརྒྱུད་ལམ་གྱི་བརྡ་རྟགས་ཆད་ཡོད་པ་རེད། ཨ་རིའི་འཇིག་རྟེན་འཕུར་གྲུ་ཁང་ནས་གནས་ཚུལ་དེའི་སྐོར་འགྲེལ་བརྗོད་གསལ་བཤད་གང་ཡང་བྱས་མེད་པ་དང་། དེ་ནས་མི་རིང་བར་ཨ་རིའི་སྲིད་གཞུང་ནས་ཀྱང་ཟླ་སྐྱོད་ལས་འཆར་ཚང་མ་མཚམས་འཇོག་བྱས་ཡོད། དེ་ལྟ་བུའི་ཐག་གཅོད་འདིའི་རྒྱབ་ལྗོངས་ཀྱི་གནད་འགག་རྒྱུ་རྐྱེན་གང་ལ་ཐུག་ཡོད་མིན་ད་ལྟའི་བར་མིའི་རིགས་ཀྱི་མཁའ་སྐྱོད་ལོ་རྒྱུས་ཐོག་མཐར་ཐུག་གི་གསང་བ་ཞིག་ལ་གྱུར་ཡོད་པ་རེད། མཁའ་སྐྱོད་པ་ཨམ་སེ་ཀྲོང་གིས་སྐབས་དེ་དུས་ཟླ་བའི་གོ་ལའི་སྟེང་དུ་སྐད་ཅོར་དེ་ཚོ་རྒྱག་སྐབས་ཡང་སྙིང་ཁོང་ལ་གནས་ཚུལ་ག་རེ་འཕྲད་ཡོད་དམ། ཨ་རིའི་འཇིག་རྟེན་མཁའ་སྐྱོད་ཁང་ནས་ང་ཚོར་ཡང་སྙིང་སྦས་སྐུང་གང་ཞིག་བྱས་ཡོད་དམ། ཉེ་བའི་ལོ་ལྔ་ཙམ་རིང་མཁའ་སྐྱོད་པ་ཨམ་སེ་ཀྲོང་དང་ཨ་རིའི་མཁའ་སྐྱོད་པ་གཞན་འགའ་རེས་ཡུལ་དུས་ཀྱི་གོ་སྐབས་འགའ་དང་བསྟུན་ནས་རང་ཉིད་དེ་སྔོན་ཟླ་བའི་གོ་ལའི་སྟེང་འཇིག་རྟེན་གཞན་གྱི་མི་དང་གདོང་ཐུག་བྱུང་བའི་གནས་ཚུལ་སྐོར་གླེང་ཡོད་པས་དེས་རྒྱལ་སྤྱིའི་ནང་རྩོད་གཞིའི་རྦ་རླབས་ཆེན་པོ་ཞིག་བཟོས་ཡོད། གནས་ཚུལ་ཤེས་རྟོགས་བྱུང་བར་ཨ་རིའི་སྲིད་གཞུང་གིས་ད་བར་བསྟུད་མར་གསང་ཐབས་ཀྱིས་ཟླ་བའི་གོ་ལའི་ཐོག་བསྐྱོད་ཡོད་པ་ནང་ཁུལ་ནས་གླེང་བཞིན་ཡོད། །  



དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1