ལི་ཁེ་ཆང་གིས་ཨ་རིའི་ཁོ་ལོམ་པི་ཡ་སློབ་གྲྭ་ཆེན་མོའི་སློབ་གཙོ། ཁྲིམས་རིག་པའི་སློབ་དཔོན་ཆེན་མོ་པོའོ་ལིན་ཀི་དང་མཇལ་འཕྲད་གནང་།

རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 01-11


  སྤྱི་ཟླ་1པའི་ཚེས་9ཉིན་སྤེལ་པའི་གསར་འགྱུར། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལི་ཁེ་ཆང་གིས་ཚེས་6ཉིན་གྱི་ཕྱིར་དྲོར་ཀྲུང་ནན་ཧེ་ནས་ཨ་རིའི་ཁོ་ལོམ་པི་ཡ་སློབ་གྲྭ་ཆེན་མོའི་སློབ་གཙོ། ཁྲིམས་རིག་པའི་སློབ་དཔོན་ཆེན་མོ་པོའོ་ལིན་ཀི་དང་མཇལ་འཕྲད་གནང་།

  ལི་ཁེ་ཆང་གིས་ཀྲུང་གོའི་ཕྱོགས་ནས་ཁོ་ལོམ་པི་ཡ་སློབ་གྲྭ་ཆེན་མོ་འདུས་པའི་རྒྱལ་ཁབ་སོ་སོའི་སློབ་གྲྭ་དང་རིག་གཞུང་། ཞིབ་འཇུག་སོགས་སྡེ་ཁག་གི་འབྲེལ་འདྲིས་དང་མཉམ་ལས་ལ་ཤུགས་སྣོན་དང་མཉམ་སྦྲེལ་དྲ་བ་སོགས་འཐབ་ཇུས་བརྒྱུད་དེ་ཀྲུང་གོའི་དཔལ་འབྱོར་སྤྱི་ཚོགས་རྒྱུན་མཐུན་འཕེལ་རྒྱས་སུ་འགྲོ་བར་རིམ་པ་མཐོ་བ་དང་རྒྱལ་སྤྱི་ཅན་གྱི་ཤེས་ལྡན་མི་སྣ་སྔར་ལས་མང་པོ་སྐྱེད་སྲིང་བྱས་ཏེ་མཉམ་འབྲེལ་མཉམ་རྒྱལ་མངོན་འགྱུར་བྱེད་འདོད་ཅེས་བསྟན།།
  པོའོ་ལིན་ཀི་ཡིས་ཁོ་ལོམ་པི་ཡ་སློབ་གྲྭ་ཆེན་མོས་ཀྲུང་གོ་དང་མཉམ་འབྲེལ་བྱེད་པར་མཐོང་ཆེན་བྱེད་བཞིན་ཡོད་ལ། ཀྲུང་གོ་ཕྱོགས་དང་མཉམ་དུ་འབད་པ་ཆེན་པོའི་མཉམ་སྦྲེལ་དྲ་བ+སློབ་གསོ་སོགས་ཀྱི་མཉམ་འབྲེལ་ཐབས་ལམ་ལ་གྲོས་ཞིབ་བྱེད་པར་སྐུལ་འདེད་གཏང་བ་དང་ཀྲུང་གོར་རོགས་རམ་བྱས་ཏེ་རིམ་པ་མཐོ་བའི་ཤེས་ལྡན་མི་སྣ་སྐྱེད་སྲིང་བྱེད་པ་དང་ཀྲུང་གོའི་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་སུ་འགྲོ་བར་ཕན་ནུས་འདོན་འདོད་ཅེས་བསྟན།།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1