རྒྱལ་ཁབ་སྤྱི་ཚོགས་ཚན་རིག་ཐེབས་རྩའི་ལས་གཞི་ཆེན་མོ་《བོད་སོག་གསོ་རིག་གི་ལོ་རྒྱུས་དང་ད་ལྟའི་གནས་བབ་ཀྱི་བརྟག་དཔྱད་ཞིབ་འཇུག》གི་ཁ་བྱང་སྙན་ཞུའི་ཚོགས་འདུ་ལྷོ་ནུབ་མི་རིགས་སློབ་ཆེན་དུ་འཚོགས།

རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 01-11


ཚོགས་འདུའི་ཡུལ་དངོས།

  2016ལོའི་ཟླ་1པའི་ཚེས་10ཉིན་གྱི་སྔ་དྲོར། རྒྱལ་ཁབ་སྤྱི་ཚོགས་ཚན་རིག་ཐེབས་རྩའི་ལས་གཞི་ཆེན་མོ་《བོད་སོག་གསོ་རིག་གི་ལོ་རྒྱུས་དང་ད་ལྟའི་གནས་བབ་ཀྱི་བརྟག་དཔྱད་ཞིབ་འཇུག》གི་ཁ་བྱང་སྙན་ཞུའི་ཚོགས་འདུ་ལྷོ་ནུབ་མི་རིགས་སློབ་ཆེན་དུ་འཚོགས། ཞིང་ཆེན་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ། འབུམ་རམས་པའི་མཛུབ་སྟོན་དགེ་རྒན་ནོར་བུ་རྒྱལ་མཚན་དང་ལྷོ་ནུབ་མི་རིགས་སློབ་གྲྭ་ཆེན་མོའི་སློབ་གཙོ་གཞོན་པ། འབུམ་རམས་པའི་མཛུབ་སྟོན་དགེ་རྒན་ཝང་ཡུང་། བོད་ལྗོངས་གསོ་རིག་སློབ་གླིང་གི་དགེ་རྒན་བསོད་ནམས་འཆི་མེད་སོགས་ཆེད་རམས་པ་བཅུ་ལྷག་ཁ་བྱང་སྙན་ཞུའི་ཚོགས་འདུར་ཞུགས་ཏེ་དགོངས་འཆར་དང་མཛུབ་སྟོན་མང་པོ་གནང་།

ཐུབ་བསྟན་ཕུན་ཚོགས་ལགས་ཀྱིས་ལས་གཞིའི་ནང་དོན་ངོ་སྤྲོད་བྱེད་བཞིན་པ། 

  ལས་གཞིའི་དབུ་བཞུགས་ཆེད་རམས་པ་ཐུབ་བསྟན་ཕུན་ཚོགས་ལགས་ཀྱིས་ལས་གཞིའི་ནང་དོན་ངོ་སྤྲོད་གནང་རྗེས་སྙན་ཞུའི་ཚོགས་འདུར་བཞུགས་པའི་ཆེད་མཁས་པ་དག་གིས་ལས་གཞིའི་ཞིབ་འཇུག་ཚོགས་པ་དང་ལས་གཞིའི་ནང་དོན་གྱི་སྒྲིག་གཞི་ཐད་ལ་ཚད་མཐོའི་གདེང་འཇོག་གནང་། ལས་གཞི་འདི་ལེགས་འགྲུབ་བྱུང་རྗེས་རྒྱལ་ནང་གི་བོད་སོག་གསོ་རིག་གི་སྐོང་ཆ་ཆེན་པོ་ཞིག་ཁ་གསབ་བྱ་ཐུབ་པར་མ་ཟད། ཚན་རིག་དང་མཐུན་པའི་བོད་སོག་གསོ་རིག་སྔོག་འདོན་དང་བཀོལ་སྤྱོད། དེ་མིན་ཀྲུང་གོའི་མི་རིགས་གསོ་རིག་ལས་དོན་གྱི་འཕེལ་རྒྱས་དང་ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེན་བསྐྱར་དར་མངོན་འགྱུར་བྱེད་པར་ཕན་ནུས་ཆེན་མོ་ལྡན་པ་རེད།།

ཆེད་རམས་པ་དང་ཚོགས་ཞུགས་པ་དག་གི་མཉམ་པར།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1