ཞི་ཅིན་ཕིང་གིས་ཀྲུང་དབྱང་ཁྱོན་ཡོངས་བཅོས་སྒྱུར་ཟབ་སྤེལ་འགོ་ཁྲིད་ཚན་ཆུང་གི་གྲོས་ཚོགས་ཐེངས་ཉི་ཤུ་བར་གཙོ་སྐྱོང་གནང་།

རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 01-13


  ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུའི་ཀྲུའུ་ཞི། ཀྲུང་དབྱང་ཁྱོན་ཡོངས་བཅོས་སྒྱུར་འགོ་ཁྲིད་ཚན་ཆུང་གི་འགན་འཛིན་པ་ཞི་ཅིན་ཕིང་གིས་ཟླ་1་ཚེས་11་ཉིན་གྱི་ཕྱི་དྲོར་འགོ་འཛིན་མཛད་དེ་ཀྲུང་དབྱང་ཁྱོན་ཡོངས་བཅོས་སྒྱུར་ཟབ་སྤེལ་འགོ་ཁྲིད་ཚན་ཆུང་གི་གྲོས་ཚོགས་ཐེངས་ཉི་ཤུ་བ་བསྡུས་པ་མ་ཟད་གསུང་བཤད་གལ་ཆེན་གནང་། ཁོང་གིས་ཁྱོན་ཡོངས་ནས་བཅོས་སྒྱུར་བྱེད་པའི་ལོ་སྔོན་མ་གསུམ་ནི་རྨང་གཞི་འདིང་བའི་ལོ་གསུམ་ཡིན་ལ། ད་ལོར་བཅོས་སྒྱུར་གྱི་སྤྱིའི་སྒྲིག་གཞི་ལེགས་སྒྲིག་བཟ་ང་བོ་བྱ་དགོས། ཕྱོགས་ཡོངས་ནས་བཅོས་སྒྱུར་ཟབ་སྤེལ་གྱི་དམིགས་འབེན་སྣ་ཚོགས་དམིགས་སུ་བཟུང་སྟེ་སྡེ་ཁག་གི་ལས་འགན་ལག་བསྟར་དང་ལས་འགན་གསལ་པོར་བགོ་བ། འགན་འཁྲིའི་འདུ་ཤེས་ཇེ་མཐོར་དང་འགན་ནུས་མཐོར་འདེགས་སུ་གཏོང་བ། ཀུན་ལ་སྐུལ་སློང་བྱས་ཏེ་བཅོས་སྒྱུར་སྣ་ཚོགས་ལ་གཡུར་དུ་ཟ་བའི་གྲུབ་འབྲས་ཐོབ་པར་བརྩོན་ལེན་བྱ་དགོས་ཞེས་བསྟན།
  ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཡི་རྒྱུན་ལས་ཨུ་ཡོན། ཀྲུང་དབྱང་ཁྱོན་ཡོངས་བཅོས་སྒྱུར་ཟབ་སྤེལ་འགོ་ཁྲིད་ཚན་ཆུང་གི་འགན་འཛིན་གཞོན་པ་ལི་ཁེ་ཆང་དང་ལིའུ་ཡུན་ཧྲན། ཀྲང་ཀོ་ལི་བཅས་ཚོགས་འདུར་ཞུགས།
  གྲོས་ཚོགས་སྟེང་《སྲིད་དོན་ཡོངས་སྒྲོག་གི་ལས་ཀ་ཁྱོན་ཡོངས་ནས་སྤེལ་བའི་སྐོར་གྱི་བསམ་འཆར།》《རྒྱལ་ཁབ་ཀྱི་ལས་དོན་མི་སྣའི་ཁྲིམས་སློབ་ཁྲིམས་བཀོལ་ལམ་ལུགས་འཐུས་ཚང་དུ་གཏོང་བའི་སྐོར་གྱི་བསམ་འཆར།》《》《གོ་གནས་ནག་ཉེས་ཐེར་འདོན་བྱེད་པར་སྲུང་སྐྱོབ་བྱེད་པ་དང་བྱ་དགའ་གནང་བའི་གཏན་ཁེལ་རབ་དང་རིམ་པ།》《སྲིད་འཛིན་འགན་ཁུར་ལས་དོན་ལས་ཁུངས་ཀྱི་བཅོས་སྒྱུར་ཚོད་ལྟ་སྤེལ་བའི་སྐོར་གྱི་མཛུབ་སྟོན་བསམ་འཆར།》《ཚན་རྩལ་མཐུན་ཚོགས་ཀྱི་ཁོངས་གཏོགས་མ་ལག་གི་བཅོས་སྒྱུར་ཟབ་སྤེལ་ཇུས་གཞི།》《སྤྱི་ཚོགས་བདེ་འཇགས་ཕྱོགས་བསྡུས་བཅོས་སྐྱོང་གི་འགོ་ཁྲིད་འགན་ཁུར་ལམ་ལུགས་འཐུས་ཚང་དུ་བཏང་སྟེ་དངོས་འབེབས་བྱེད་པའི་སྐོར་གྱི་ཇུས་ཆོད།》《སྤྱི་བདེ་ཉེན་རྟོག་ཟུར་རོགས་མི་སྣའི་དོ་དམ་ལས་ཀ་ཚད་ལྡན་དུ་གཏོང་བའི་སྐོར་གྱི་བསམ་འཆར།》བཅས་ལ་གྲོས་འཆམ་བྱུང་།
  གྲོས་ཚོགས་ལས་རྒྱལ་ཁབ་ཀྱི་ལས་བྱེད་མི་སྣའི་ཁྲིམས་སློབ་ཁྲིམས་བཀོལ་ལམ་ལུགས་འཐུས་ཚང་དུ་གཏོང་བ་དང་ཕྱོགས་ཡོངས་ནས་ཁྲིམས་ལྟར་རྒྱལ་ཁབ་སྐྱོང་བའི་རེ་བར་འོས་བསྟུན། ཁྲིམས་སློབ་ཁྲིམས་བཀོལ་མཐུན་སྦྱོར་བྱེད་པར་རྒྱུན་འཁྱོངས། རྒྱལ་ཁབ་ལས་བྱེད་མི་སྣའི་ཁྲིམས་སྐྱོང་སྤུས་ཚད་དང་ཁྲིམས་ལ་བརྟེན་ནས་ལས་ཀ་བསྒྲུབ་པའི་ནུས་པ་མཐོར་འདེགས་སུ་གཏང་དགོས། རིམ་པ་སོ་སོའི་འགོ་ཁྲིད་ལས་བྱེད་པའི་ཁྲིམས་སྲུང་ཁྲིམས་སྐྱོང་ཀྱི་དཔེ་སྟོན་བཟང་པོ་བྱས་ཏེ་རྩ་ཁྲིམས་དང་ཁྲིམས་ལུགས་སློབ་སྦྱོང་ལ་སྣེ་ཁྲིད་བྱེད་དགོས། རྒྱལ་ཁབ་ཀྱི་ལས་བྱེད་མི་སྣས་ཁྲིམས་སྐྱོང་འདུ་ཤེས་སྲ་བརྟན་དུ་གཏང་སྟེ་སྦྱངས་ཟིན་པའི་ཁྲིམས་ལུགས་ཤེས་བྱ་དེ་ཁྲིམས་ལྟར་ལས་ཀ་བསྒྲུབ་པའི་ནུས་པར་བསྒྱུར་དགོས། དེ་མིན་རྒྱལ་ཁབ་ཀྱི་ལས་བྱེད་མི་སྣའི་ཁྲིམས་སློབ་ཁྲིམས་སྤྱོད་ཀྱི་ལས་ཀ་དཔྱད་ཞིབ་ལ་ཤུགས་སྣོན་བྱས་ཏེ་ཁྲིམས་ལུགས་བརྩི་སྲུང་བྱེད་ཐུབ་མིན་དང་ཁྲིམས་ལྟར་ལས་ཀ་བསྒྲུབ་ཐུབ་མིན་དེ་ལས་བྱེད་པར་རྟོག་ཞིབ་བྱེད་པའི་གཞི་འཛིན་ས་གལ་ཆེན་དུ་འཛིན་དགོས་ཞེས་བསྟན།། 


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1