རྔ་བ་ཁུལ་གྱིས་བོད་བཟོའི་རི་མོ་དང་གློག་རྡུལ་ཚོང་དོན་གྱི་ནུས་རྩལ་གསོ་སྦྱོང་སྤེལ།

ཚེ་དཔལ་གྱིས་བསྒྱུར། རྩོམ་སྒྲིག་པ།ཚེ་དཔལ།ཡོང་ཁུངས།སི་ཁྲོན་གསར་འགྱུར་དྲ་བ། སྤེལ་དུས། 01-14


  ཉེ་ལམ་རྔ་བ་ཁུལ་གྱིས་འབྲོག་ཁུལ་གྱི་ལས་སྐུལ་ནུས་རྩལ་གསོ་སྦྱོང་དེ་རྔ་བ་ཁུལ་འབྲིང་རིམ་སློབ་གྲྭར་སྤེལ་འགོ་ཚུགས། ཁུལ་ཡོངས་ཀྱི་འབྲོག་ཁུལ་གྱི་སློབ་མ་140ལྷག་ཐེངས་དང་པོའི་བོད་བཟོའི་རི་མོ་དང་གློག་རྡུལ་ཚོང་དོན་གྱི་ནུས་རྩལ་གསོ་སྦྱོང་དུ་ཞུགས།
  འབྲོག་ཁུལ་མང་ཚོགས་ཀྱི་ལུས་ཤུགས་རྣམ་པའི་ངལ་རྩོལ་དེ་ནུས་རྩལ་རྣམ་པའི་ངལ་རྩོལ་དུ་བསྒྱུར་བ་དང་ཞིང་འབྲོག་པ་བཟོ་ལས་པར་བསྒྱུར་བར་རོགས་འདེགས་བྱ་ཆེད་ཁུལ་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་ཅུས་ཀྱིས་གཙོ་གཉེར་བྱས་ཤིང་ཁུལ་ལས་ཞུགས་ཅུས་དང་ཁུལ་ཞིང་ལས་ངལ་རྩོལ་གཞུང་སྒྲུབ་ཁང་གིས་རོགས་སྒྲུབ། ཁུལ་འབྲིང་རིམ་སློབ་གྲྭས་གསོ་སྦྱོང་ལ་འགན་ཁུར་ཏེ་འབྲོག་ཁུལ་ན་གཞོན་གྱི་ལས་ཞུགས་རེ་འདུན་ལྟར་གཅིག་བསྡུ་གསོ་སྦྱོང་དང་ཁྱིམ་དུ་སློབ་སྦྱོང་བྱེད་པ་སོགས་ཀྱི་བྱེད་ཐབས་སྤྱད་དེ་མའོ་རྫོང་དང་འབར་ཁམས་རྫོང་། མཛོད་དགེ་རྫོང་། ཟུང་ཆུ་རྫོང་སོགས་སུ་རྐོ་འདྲུའི་འཕྲུལ་འཁོར་བཀོལ་སྤྱོད་དང་ཐང་ག གློག་རྡུལ་ཚོང་དོན། བོད་བཟོའི་རི་མོ་སོགས་དང་འབྲེལ་བའི་ནུས་རྩལ་སྣ་ཚོགས་གསོ་སྦྱོང་བྱས།།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1