བོད་བརྒྱུད་ནང་བསྟན་གྱི་སྤྲུལ་སྐུ་འཚོལ་བཤེར་མ་ལག་ཤར་གཏོང་བྱས་པ།

རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 01-19


  སྤྱི་ཟླ་1པའི་ཚེས་18ཉིན། བོད་བརྒྱུད་ནང་བསྟན་གྱི་སྤྲུལ་སྐུ་འཚོལ་བཤེར་མ་ལག་དངོས་སུ་ཤར་གཏོང་བྱེད་འགོ་ཚུགས། སྐུད་ལམ་འཚོལ་བཤེར་མ་ལག་གི་ཁག་དང་པོར་རྒྱལ་ནང་གི་སྤྲུལ་སྐུ་870ཡི་བརྡ་འཕྲིན་ཡོངས་བསྒྲགས་བྱས་ཤིང་འདི་ནི་རྒྱལ་ནང་གི་ཆོས་ལུགས་མི་སྣའི་ཐོབ་ཐང་བརྡ་འཕྲིན་ཐེངས་དང་པོར་མཉམ་སྦྲེལ་དྲ་བའི་སྟེང་འཚོལ་བཤེར་བྱེད་ཐུབ་པ་མངོན་འགྱུར་བྱུང་། མིག་སྔར་མ་ལག་འདི་ཀྲུང་གོའི་ནང་བསྟན་མཐུན་ཚོགས་ཀྱི་དྲ་ཚུགས་དང་རྒྱལ་ཁབ་ཆོས་ལུགས་ལས་དོན་ཅུས་ཀྱི་དྲ་ཚུགས། ཀྲུང་གོ་བོད་ལྗོངས་དྲ་བ་བཅས་སུ་མཉམ་དུ་ཤར་གཏོང་བྱས་ཡོད་པ་རེད། 

  ཀྲུང་གོའི་ནང་བསྟན་མཐུན་ཚོགས་ཀྱིས་ངོ་སྤྲོད་བྱས་པ་ལྟར་ན།  བོད་བརྒྱུད་ནང་བསྟན་གྱི་སྤྲུལ་སྐུ་འཚོལ་བཤེར་མ་ལག་དེ་གློག་གླད་དང་ཁ་པར་གཉིས་ཀྱི་སྟེང་བཀོལ་སྤྱོད་བྱས་ཆོག་པ་དང་མ་ལག་ལས་ཆོས་ལུགས་ཆོ་ག་དང་ལོ་རྒྱུས་ཀྱིས་གཏན་འཁེལ་བྱས་པ། དེ་མིན་སྲིད་གཞུང་གིས་ཆོག་མཆན་ཐོབ་པའི་རྒྱལ་ནང་གི་སྤྲུལ་སྐུ་དེ་ཉིད་ཀྱི་རུས་མིང་དང་ཐོབ་ཐང་ལག་ཁྱེར་གྱི་ཨང་གྲངས། ཆོས་མིང་། ཆོས་མཚན། འཁྲུངས་དུས། གྲུབ་མཐའ། སྤྲུལ་སྐུའི་དཔང་གྲངས། དགོན་པ་བཅས་བརྡ་འཕྲིན་བརྒྱད་འདུས། མིག་སྔར་སི་ཁྲིན་གྱི་དཀར་མཛེས་ཁུལ་དང་རྔ་བ་ཁུལ། མུ་ལི་རྫོང་བཅས་ཀྱ་སྤྲུལ་སྐུའི་བརྡ་འཕྲིན་ཞིབ་བཤེར་བྱེད་བཞིན་ཡོད་ལ་མི་འགྱངས་པར་མ་ལག་ནང་ནང་འཇུག་བྱས་ཏེ་ཁྱབ་བསྒྲགས་བྱ་རྒྱུ་རཡི་པ་དང་། གསར་དུ་ངོས་འཛིན་བྱས་པའི་སྤྲུལ་སྐུའི་བརྡ་འཕྲིན་ཡང་མགྱོགས་མྱུར་སྒོས་གྲངས་མཛོད་དུ་བཅུག་སྟེ་སྤྲུལ་སྐུ་རེ་རེ་འཚོལ་བཤེར་བྱེད་ཐུབ་པ་མངོན་འགྱུར་བྱ་རྒྱུ་རེད།།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1