དཀར་མཛེས་ཁུལ་སྡེ་དགེ་རྫོང་གི་གཟུགས་མེད་ཤུལ་བཞག་རིག་གནས་འགྲེམ་སྟོན་ཁྲེན་ཏུའུ་ནས་སྤེལ་འགོ་ཚུགས།

ཚེ་དཔལ་གྱིས་བསྒྱུར།། རྩོམ་སྒྲིག་པ།ཚེ་དཔལ།ཡོང་ཁུངས།མི་དམངས་དྲ་བ། སྤེལ་དུས། 01-19


  ཉེ་ལམ། སི་ཁྲོན་ཞིང་ཆེན་ཁྲེན་ཏུའུ་ཀོ་ཞིན་ཁུལ་ཏང་ཨུའི་བཟོ་ཚོང་དོ་དམ་ཨུ་ལྷན་དང་སི་ཁྲོན་སྡེ་དགེ་རྫོང་ཨུ། རྫོང་མི་དམངས་སྲིད་གཞུང་གི་མཉམ་སྒྲུབ་བྱས་པའི་སྡེ་དགེ་རྫོང་གི་གཟུགས་མེད་ཤུལ་བཞག་རིག་གནས་འགྲེམ་སྟོན་དེ་ཁྲེན་ཏུའུ་ཀོ་ཞིན་ཁུལ་དེང་རབས་མཛེས་རྩལ་ཁང་དུ་སྤེལ་འགོ་ཚུགས། ཐེངས་འདིའི་འགྲེམ་སྟོན་ཁྲོད་སི་ཁྲོན་སྡེ་དགེ་རྫོང་གི་འཐུས་ཚབ་རང་བཞིན་གྱི་ཤུལ་བཞག་རིག་གནས་ཀྱི་རྣམ་གྲངས་12དང་བརྩམས་ཆོས་བརྒྱ་ལྷག་འགྲེམ་སྟོན་བྱས། དེ་མིན་སྡེ་དགེ་རྫོང་གི་ཁམས་པའི་ཁྱད་ཆོས་ལྡན་པའི་ཤུལ་བཞག་རིག་གནས་ཀྱི་ཁྱད་ཆོས་གཅིག་བསྡུས་སྒོས་འགྲེམ་སྤེལ་བྱས་ཏེ་ཁམས་པའི་རིག་གནས་ཀྱི་གནའ་མཁར་དང་འབྱུང་ཁུངས། གེ་སར་རྒྱལ་པོའི་ཕ་ས་སོགས་ཀྱི་མི་རིགས་རིག་གནས་ཀྱི་མིང་རྟགས་གྲགས་ཅན་བཞེངས་བསྐྲུན་བྱས།།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1