ཞི་ཅིན་ཕིང་གིས་ཞིང་ཆེན་དང་པུའུ་རིམ་པའི་འགོ་ཁྲིད་ལས་བྱེད་པ་གཙོ་བོས་སྐབས་བཅོ་བརྒྱད་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་བའི་དགོངས་དོན་ལ་སློབ་སྦྱོང་དང་ལག་བསྟར་བྱེད་པའི་ཆེད་དོན་བགྲོ་གླེང་འཛིན་གྲྭའི་སྟེང་གསུང་བཤད་གལ་ཆེན་གནང་།

རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 01-19


  སྤྱི་ཟླ་1དང་པོའི་ཟླ་18ཉིན། ཞིང་ཆེན་དང་པུའུ་རིམ་པའི་འགོ་ཁྲིད་ལས་བྱེད་པ་གཙོ་བོས་སྐབས་བཅོ་བརྒྱད་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་བའི་དགོངས་དོན་ལ་སློབ་སྦྱོང་དང་ལག་བསྟར་བྱེད་པའི་ཆེད་དོན་བགྲོ་གླེང་འཛིན་གྲྭ་ཀྲུང་དབྱང་ཏང་གི་སློབ་གྲྭ་ནས་ཚོགས་འགོ་ཚུགས།  ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་འཛིན་གྲྭ་ཚོགས་འགོ་ཚུགས་པའི་མཛད་སྒོའི་སྟེང་གསུང་བཤད་གལ་ཆེན་གནང་། ཁོང་གིས་སྐབས་བཅོ་བརྒྱད་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་བའི་དགོངས་དོན་ལག་བསྟར་དང་དངོས་འབེབས་བྱེད་པར་ཐོག་མར་ངེས་པར་དུ་འབད་པ་ཆེན་པོ་བྱེད་པར་གོ་བ་ཟབ་མོ་ལེན་དགོས། འདི་ནི་ཏང་ཀྲུང་དབྱང་གིས་ཚང་མ་མཉམ་བསྡུ་བྱས་ཏེ་སློབ་སྦྱོང་དང་བགྲོ་གླེང་བྱེད་པར་བསམ་བློ་བཏང་བ་ཡིན། ཏང་གི་སྐབས་བཅོ་བརྒྱུད་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་བའི་དགོངས་དོན་ལ་གཏིང་ཟབ་པའི་སློབ་སྦྱོང་དང་ལྷག་པར་གཏིབ་ཟབ་པའི་སྒོ་ནས་གསར་གཏོད་དང་མཐུན་སྦྱོར། ལྗང་མདོག སྒོ་འབྱེད། མཉམ་སྤྱོད་བཅས་ཀྱི་འཕེལ་རྒྱས་འདུ་ཤེས་ལ་གོ་བ་བླངས་ཏེ་ལོ་ལྔའི་འཆར་གཞི་བཅུ་གསུམ་པའི་དུས་སྐབས་སུ་རང་རྒྱལ་གྱི་དཔལ་འབྱོར་སྤྱི་ཚོགས་རྒྱུན་མཐུད་ངང་འཕེལ་རྒྱས་དང་དུས་ལྟར་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་པའི་དམིགས་འབེན་མངོན་འགྱུར་བྱེད་པར་ཁག་ཐེག་བྱ་དགོས་ཞེས་བསྟན།

  ཞི་ཅིན་ཕིང་གིས་ལོ་ལྔའི་འཆར་གཞི་བཅུ་གསུམ་པའི་དུས་སྐབས་སུ། རང་རྒྱལ་གྱི་དཔལ་འབྱོར་འཕེལ་རྒྱས་ཀྱི་ཁྱད་ཆོས་གཙོ་བོ་ནི་རྒྱུན་རྣམ་གསར་པར་ཐོན་པ་དེ་རེད། འདི་ནི་རང་རྒྱལ་གྱི་དཔལ་འབྱོར་རྣམ་པ་ཆེས་མཐོ་ཞིང་ལས་བགོས་སྔར་ལས་ལེགས་སྒྱུར་ཅན། སྒྲིག་གཞི་སྔར་ལས་ལུགས་མཐུན་ཡིན་པའི་ངེས་པར་དུ་བརྒྱུད་དགོས་པའི་གོ་རིམ་ཞིག་རེད། རྒྱ་ཆེ་ལ་གཏིང་ཟབ་པའི་འགྱུར་ལྡོག་འདི་ང་ཚོ་ལ་མཚོན་ན་འགྲན་རྩོད་གསར་པ་ཞིག་རེད།  ལོ་ལྔའི་འཆར་གཞི་བཅུ་གསུམ་པའི་དུས་སྐབས་སུ་རང་རྒྱལ་གྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་ཇུས་གཞི་བཀོད་པ་དང་སྐུལ་འདེད་གཏོང་བར་རྒྱུན་རྣམ་གསར་པར་འཚམ་མཐུན་དང་རྒྱུན་རྣམ་གསར་པར་ངོས་འཛིན། རྒྱུན་རྣམ་གསར་པར་སྣེ་ཁྲིད་བྱས་ཏེ་ཕྱོགས་ཡོངས་ཀྱི་འཕེལ་རྒྱུས་དང་བརྒྱུད་རིམ་ཡོངས་སུ་ལག་བསྟར་བྱེད་པའི་གཏན་ཚིགས་ཆེན་པོ་ཞིག་རེད། ལོ་རྒྱུས་ཀྱི་ངོས་ནས་བལྟས་ན་རང་རྒྱལ་གྱི་དཔལ་འབྱོར་འཕེལ་རྒྱས་ཀྱི་གོ་རིམ་ཁྲོད་རྒྱུན་རྣམ་གསར་པ་དང་རྣམ་པ་གསར་པ། དུས་རིམ་གསར་པ་རྒྱུན་ཆད་མེད་པར་གྲུབ་བཞིན་འདུག དཔལ་འབྱོར་འཕེལ་རྒྱས་ཀྱི་རྒྱུན་རྣམ་གསར་པ་ནི་གོ་རིམ་རིང་པོ་འདིའི་ཁྲོད་ཀྱི་དུས་རིམ་ཞིག་རེད། འདི་ནི་བྱ་དངོས་འཕེལ་རྒྱས་སུ་འགྲོ་བའི་ཆོས་ཉིད་དང་མཐུན་པ་རེད་ཅེས་བསྟན།
  ཞི་ཅིན་ཕིང་གིས་ཤུགས་ཆེན་པོས་ཕྱི་ཕྱོགས་ལ་སྒོ་འབྱེད་པའི་ལམ་ལུགས་ཆགས་པར་བྱ་དགོས། ལག་ལེན་ལས་ང་ཚོར་བསྟན་པ་ནི་དར་རྒྱས་སུ་འགྲོ་དགོས་ན་ངེས་པར་རང་འགུལ་སྒོས་དཔལ་འབྱོར་འཛམ་གླིང་ཅན་དུ་འགྱུར་བའི་འཕེལ་རྒྱས་དང་བསྟུན་དགོས་པ་དང་ཕྱི་ཡོངས་ལ་སྒོ་འབྱེད་པ་རྒྱུན་འཁྱོངས་བྱེད་པ། མིའི་རིགས་ཀྱིས་གསར་གཏོད་བྱས་པའི་སྔོན་ཐོན་ཚན་རིག་ལག་རྩལ་གྱི་གྲུབ་འབྲས་དང་ཕན་འབྲས་ལྡན་པའི་དོ་དམ་ཉམས་མྱོང་བཀོལ་སྤྱོད་བྱ་དགོས། ལག་ལེན་ལས་འཚོལ་ཞིབ་བྱས་ཏེ་རྒྱལ་ནང་དང་རྒྱལ་སྤྱིའི་ཁྱབ་ཁོངས་ཆེན་པོ་གཉིས་ཀྱི་རང་རྟོག་རང་བཞིན་དང་ནུས་པར་ངོས་འཛིན་བྱེད་པའི་ཆུ་ཚད་དང་ཕྱི་ཡོངས་ལ་སྒོ་འབྱེད་པའི་སྤུས་ཚད་དང་ཆུ་ཚད་མཐོར་འདེགས་སུ་གཏང་དགོས་ཞེས་བསྟན།
  ལི་ཁེ་ཆང་གིས་འཛིན་གྲྭ་ཚོགས་འགོ་ཚུསག་པའི་མཛད་སྒོར་གཙོ་སྐྱོང་གནང་སྐབས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་ལས་ཕྱོགས་ཡོངས་ཀྱི་ཏང་དང་རྒྱལ་ཁབ་ཀྱི་འཕེལ་རྒྱས་དང་རིགས་གཞུང་དང་ལག་ལེན། ལོ་རྒྱུས་དང་དངོས་ཡོད་བཅས་ཟུང་འབྲེལ་བྱས་ཏེ་དཔལ་འབྱོར་འཕེལ་རྒྱས་ཀྱི་རྒྱུན་ནམ་གསར་པ་དང་འཕེལ་རྒྱས་གསར་པའི་འདུ་ཤེས། མཁོན་དོན་ལོགས་ཀྱི་སྒྲིག་གཞི་རང་བཞིན་གྱི་བཅོས་སྒྱུར་སོགས་གནད་དོན་གལ་ཆེན་དག་ལ་འགྲེལ་བཤད་གཏིང་ཟབ་པ་བྱས་པར་མ་ཟད། འཕེལ་རྒྱས་གསར་པའི་འདུ་ཤེས་ལག་བསྟར་བྱེད་པའི་ཐད་ལ་རེ་བ་གསལ་བོ་བཏོན་པ་རེད། གསུང་བཤད་ཀྱིས་རིམ་པ་སོ་སོའི་འགོ་ཁྲིད་ལས་བྱེད་པས་གཏིང་ཟབ་པའི་སྒོ་ནས་རྒྱུན་རྣམ་གསར་པའི་འོག་གི་འཕེལ་རྒྱས་ཆོས་ཉིད་ལ་ཤེས་རྟོགས་དང་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་འགྲུབ་པར་བྱེད་པའི་ཐག་གཅོད་རང་བཞིན་གྱི་དུས་སྐབས་ཀྱི་བྱ་བ་སྣ་ཚོགས་ལེགས་པར་བསྒྲུབ་པར་ཁྲིད་སྟོན་བྱེད་པ་དོན་སྙིང་ཆེན་པོ་ལྡན་པ་རེད་ཅེས་བསྟན།། 


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1