བོད་ལྗོངས་ཀྱི་གྲོང་སྡེའི་སྨན་པའི་ཟླ་བའི་ཁ་གསབ་སྒོར་900རུ་འཕར་ཡོད།

རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 01-20


       ཉེ་ཆར་གསར་འགོད་པས་བོད་ལྗོངས་ཀྱི་འཕྲོད་བསྟེན་དང་འཆར་ལྡན་བཙའ་གསོ་ཨུ་ཡོན་ལྷན་ཁང་ནས་རྒྱུས་ལོན་བྱས་པ་ལྟར་ན། གཞི་རིམ་སྨན་བཅོས་འཕྲོད་བསྟེན་གྱི་ཤེས་ལྡན་མི་སྣ་བསྡུ་ལེན་དང་རྒྱུན་འདུག་བྱེད་ཐུབ་པའི་ཆེད་དུ། བོད་ལྗོངས་ཀྱིས་གྲོང་སྡེའི་སྨན་པའི་རོགས་དངུལ་དེ་ཟླ་རེ་རེར་སྒོར་200ནས་སྒོར་900འཕར་སྣོན་བྱས་ཏེ་གྲོང་ཚོའི་སྨན་པའི་རྗེས་ཕྱོགས་ཀྱི་གནད་དོན་ཐག་གཅོད་བྱས་པ་རེད། 
      ངོ་སྤྲོད་བྱས་པ་ལྟར་ན། 2015ལོའི་ལོ་མཇུག་གི་བར་དུ། བོད་ལྗོངས་ཀྱི་གྲོང་ཚོའི་སྨན་པའི་གྲངས་ཚད་མི་11567ལ་ཟིན་ཡོད་ཅིང་། 2010ལོ་དང་བསྡུར་ན་མི་གྲངས་6244ཡིས་ཇེ་མང་དུ་སོང་ཡོད། བོད་ལྗོངས་སུ་ཆ་སྙོམས་ཀྱིས་གྲོང་ཚོ་རེ་ལ་སྨན་པ་གཉིས་རེ་ཡོད་པས། དེས་ཞིང་འབྲོག་ཁུལ་གྱི་སྨན་བཅོས་གནད་དོན་ཕན་ནུས་ལྡན་པའི་སྒོ་ནས་སེལ་བར་བྱས་ཡོད། ཞིང་འབྲོག་ཁུལ་གྱི་འཕྲོད་བསྟེན་ཞབས་ཞུ་ནུས་པ་དང་ཆུ་ཚད་ཀྱང་རྒྱུན་ཆད་མེད་པ་མཐོ་རུ་བཏང་ཡོད། རྒྱུས་ལོན་བྱུང་པ་ལྟར་ན། བོད་ལྗོངས་ཀྱི་གྲོང་ཚོའི་སྨན་པ་50%ཡན་གྱིས་བོད་ལུགས་གསོ་རིགས་ཀྱི་སྨན་བཅོས་བྱེད་ཐབས་ལ་བརྟེན་ནས་མང་ཚོགས་ལ་ནད་འགོག་དང་སྨན་བཅོས་བྱེད་ཐུབ། 
    གཞན་ཡང་། བོད་ལྗོངས་ཀྱི་ཡུལ་ཤོག་དང་གྲོང་རྡལ་གྱི་འཕྲོད་བསྟེན་མི་སྣ་4927དུ་འཕེལ་རྒྱས་སོང་ཡོད་ལ། 2010ལོ་དང་བསྡུར་ན་མི་གྲངས་1756ཇེ་མང་དུ་སོང་ཡོད། ཡུལ་ཤོག་དང་གྲོང་རྡལ་གྱི་འཕྲོད་བསྟེན་མི་སྣའི་འཚོ་བའི་ཁ་གསབ་རོགས་དངུལ་ས་ཁུལ་ལྟར་ན་སོ་སོར་ཟླ་རེར་སྒོར་400དང་། སྒོར་800 སྒོར་1200བཅས་ལ་ཟིན་ཡོད།།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1