བོད་ལྗོངས་ཀྱི་མི་རེའི་ཆ་སྙོམས་གཞི་རྩའི་སྤྱི་པའི་འཕྲོད་བསྟེན་ཞབས་ཞུའི་འགྲོ་གྲོན་རྒྱལ་ཡོངས་ཀྱི་ཆུ་ཚད་ལས་བརྒལ་བ།

རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 01-20


    ལོ་ལྔའི་འཆར་གཞི་བཅུ་གཉིས་པའི་དུས་སྐབས་སུ། བོད་ལྗོངས་ཀྱི་འཕྲོད་བསྟེན་སྡེ་ཁག་གིས་གྲོང་ཁྱེར་དང་གྲོང་སྡེའི་ཁ་གསབ་གཅིག་གྱུར་དང་། ཚད་གཞི་རིམ་བཞིན་མཐོ་རུ་གཏོང་བ། ནང་དོན་མུ་མཐུད་དུ་རྒྱ་སྐྱེད་པ་ཞེས་པའི་གཞི་རྩའི་བླང་བྱ་ལག་བསྟར་བྱས་ནས། མུ་མཐུད་དུ་གཞི་རྩའི་སྤྱི་པའི་འཕྲོད་བསྟེན་ཞབས་ཞུ་སྙོམས་མཚུངས་ཅན་གྱི་ཆུ་ཚད་མཐོ་རུ་བཏང་བ་རེད། 2015ལོའི་ལོ་མཇུག་བར། བོད་ལྗོངས་ཀྱི་གཞི་རྩའི་སྤྱི་པའི་འཕྲོད་བསྟེན་ཞབས་ཞུའི་འགྲོ་གྲོན་མི་རེར་ཆ་སྙོམས་སྒོར་50ཡིས་འཕར་ཞིང་། རྒྱལ་ཡོངས་ཀྱི་ཆ་སྙོམས་ཆུ་ཚད་ལས་སྒོར་10ཡིས་མཐོ་བ་རེད། 
    གཞི་རྩའི་སྤྱི་པའི་འཕྲོད་བསྟེན་ཞབས་ཞུའི་རྣམ་གྲངས་ཀྱིས་བྱིས་པ་དང་སྦྲུམ་མ། རྒན་པ། དལ་བའི་ནད་རིགས་ཕོགས་པའི་ནད་པ་བཅས་གཙོ་གནད་དུ་བཟུང་ཞིང་། གྲོང་མི་ཡོངས་ལ་ཁ་ཕྱོགས་ནས་རིན་པ་མི་དགོས་པར་མཁོ་སྤྲོད་བྱས་པའི་ཆེས་གཞི་རྩའི་སྤྱི་པའི་འཕྲོད་བསྟེན་ཞབས་ཞུའི་རྣམ་གྲངས་ཡིན། ཞབས་ཞུའི་རྣམ་གྲངས་སྤེལ་པར་མཁོ་བའི་མ་དངུལ་གཙོ་བོ་སྲིད་གཞུང་གིས་འགན་འཁུར་རྒྱུ་དང་། གྲོང་ཁྱེར་དང་གྲོང་སྡེའི་སྡོད་དམངས་ལ་ཐད་ཀར་ཕན་པ་ཐོབ་ཡོད།།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1