ཞིང་ཆེན་དཔེ་མཛོད་ཁང་དང་སི་ཁྲོན་མཛེས་རྩལ་ཁང་གསར་པའི་སྒོ་འབྱེད་པ།

རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 01-20


      ཉེ་བའི་ཟླ་བ་གཅིག་གི་རིང་ལ། སི་ཁྲོན་མཛེས་རྩལ་ཁང་གསར་པའི་སྒོ་འབྱེད་འགྲེམ་སྟོན་ཐེངས་10ལྷག་སྤེལ་པ་དང་། 2015ལོའི་སྤྱི་ཟླ་5བར་སྒོ་འབྱེད་བྱས་པ་ནས་ད་བར་དུ། འགྲེམ་སྟོན་སྣ་ཚོགས་ཕལ་ཆེར་ཐེངས་40བསྒྲུབས། སི་ཁྲོན་མཛེས་རྩལ་ཁང་གི་འགོ་འཛིན་པ་ལང་ཧྲི་མིང་གིས་མཚམས་སྦྱོར་བྱས་པ་ལྟར་ན་ན་ནིང་གཉེར་བའི་སི་ཁྲོན་ལ་ལྟ་བ།——དམངས་ཁྲོད་རིག་རྩལ་གསར་རྩོམ་གྱི་ལས་གཞི་དང་། སི་ཁྲོན་ལ་ལྟ་བ།——པར་ལེན་གསར་རྩོམ་ལས་གཞིའི་ཕུལ་བྱུང་བརྩམས་ཆོས་འགྲེམ་སྟོན་སྟེང་། རྒྱལ་སྟོན་དུས་ཆེན་སྐབས་ལྟད་མོ་བ་མི་ཐེངས་ཁྲི་4ལྷག་སླེབས་པ་རེད། དུས་ཡུན་ཟླ་བ་གཅིག་རིང་གི་རི་ཆུའི་མཛེས་སྡུག ཡིད་འོང་གི་སི་ཁྲོན་ཞེས་པའི་རི་མོ་གསར་རྩོམ་ལས་གཞིའི་ཕུལ་བྱུང་བརྩམས་ཆོས་འགྲེམ་སྟོན་སྟེང་མི་ཐེངས་ཁྲི་13བྱེད་སྒོར་ཞུགས་པ་རེད།
       གསར་འགོད་པས་རྒྱུས་ལོན་བྱུང་བ་ལྟར་ན།  སི་ཁྲོན་མཛེས་རྩལ་ཁང་གི་ད་ལོའི་འགྲེམ་སྟོན་ནི་ཟླ་6པའི་བར་གོ་སྒྲིག་བྱས་ཡོད་ལ། ཐ་ན་2017ལོའི་འགྲེམ་སྟོན་བཀོད་སྒྲིག་ལ་ཡང་དུས་ཆད་བྱེད་མཁན་མང་པོ་ཡོད་པ་རེད།།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1