ཞི་ཅིན་ཕིང་གིས་ས་དི་ཨ་རབ་ཀྱི་རྒྱལ་པོ་ས་ལི་མན་དང་གྲོས་མོལ་མཛད།

རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 01-20


 


  སྤྱི་ཟླ་1པའི་ཚེས་19ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ལི་ཡཱ་ཏི་ནས་ས་དི་ཨ་རབ་ཀྱི་རྒྱལ་པོ་ས་ལི་མན་དང་གྲོས་མོལ་མཛད། 

  ཞི་ཅིན་ཕིང་གིས་ཀྲུང་གོ་དང་ས་དི་ཨ་རབ་ནི་ལོ་རྒྱུས་ཀྱི་རྒྱུན་རིང་ཞིང་རིག་གནས་ཀྱི་རྫོང་སྟུག་པའི་རྒྱལ་ཁབ་ཆེན་པོ་གཉིས་ཡིན། དེང་སྐབས་རྒྱལ་ཁབ་གཉིས་དཔལ་འབྱོར་འཕེལ་རྒྱས་ཀྱི་སྤུས་ཚད་མཐོར་འདེགས་དང་མི་དམངས་འཚོ་བའི་ཆུ་ཚད་མཐོར་འདེགས་སུ་གཏང་བའི་འོས་འགན་ལ་ཁ་གཏོད་དགོས། ཀྲུང་གོ་ཕྱོགས་ནས་ས་དི་ཨ་རབ་དང་ལྷན་དུ་ཕན་ཚུན་གྱི་མཉམ་མྱོང་དཔེ་ལྟ་དང་སློབ་སྦྱོང་བྱས་ཏེ་མཉམ་དུ་འཕེལ་རྒྱས་སུ་འགྲོ་བར་མངོན་འགྱུར་བྱ་འདོད། ངས་2008ལོར་ས་དི་ཨ་རབ་ལ་རྒྱལ་དོན་འཚམས་འདྲི་བྱེད་སྐབས་རྒྱལ་ཁབ་གཉིས་ཀྱིས་འཐབ་ཇུས་མཉམ་ལས་འབྲེལ་བ་བསྐྲུན་པར་མཉམ་འབྲེལ་གསལ་བསྒྲགས་བྱས་ཤིང་ཕྱོགས་གཉིས་ཀྱི་འབྲེལ་བ་མགྱོགས་མྱུར་སྒོས་འཕེལ་རྒྱས་སུ་འགྲོ་བའི་དུས་མཚམས་སུ་སླེབས་ཏེ་ཁྱབ་ཁོངས་སོ་སོའི་དངོས་དོན་མཉམ་འབྲེལ་ལ་གཡུར་དུ་ཟ་བའི་འབྲས་བུ་བླངས། དེང་སྐབས་རྒྱལ་སྤྱི་དང་རྒྱལ་ནང་གི་གནས་ཚུལ་ཛ་དྲག་ཤིན་ཏུ་ཆེ། ཀྲུང་གོ་དང་ས་དི་ཨ་རབ་གཉིས་ནི་འཕེལ་རྒྱས་སུ་འགྲོ་བཞིན་པའི་རྒྱལ་ཁབ་གལ་ཆེན་ཞིག་ཡིན་པའི་ཆ་ནས་རྒྱལ་ཁབ་གཉིས་ཀྱི་འབྲེལ་བའི་ཆུ་ཚད་མཐོར་འདེགས་དང་མཐུན་སྒྲིལ་སྒོས་འགྲན་རྩོད་ལ་གདོང་གཏོད་དགོས། ཐེངས་འདིར་ང་ཚོས་མཉམ་དུ་ཀྲུང་གོ་དང་ས་དི་ཨ་རབ་གཉིས་ཀྱི་ཕྱོགས་ཡོངས་འཐབ་ཇུས་མཉམ་ལས་འབྲེལ་བ་བཙུགས་པ་གསལ་བསྒྲགས་བྱས་ཤིང་ཕྱོགས་གཉིས་ཀྱིས་འཐབ་ཇུས་ཡིད་རྟོན་གཏིང་ཟབ་ཏུ་སྤེལ་ཏེ་རྒྱལ་ཁབ་གཉིས་ཀྱི་མཉམ་འབྲེལ་ལ་སྔར་ལས་ལེགས་པའི་འབྲས་བུ་ལོན་པར་སྣེ་ཁྲིད་བྱེད་པ་དེ་ཕྱོགས་གཉིས་ཀྱི་རྒྱལ་སྤྱིའི་སྤྱི་ཚོགས་ཀྱི་ལས་དོན་ཁྲོད་ཀྱི་ཐུན་མོང་ཁེ་ཕན་ལ་འགན་སྲུང་དང་རྒྱ་སྐྱེད་པར་ཕན་ནུས་གལ་ཆེན་ལྡན་ཞེས་བསྟན།།

  ས་ལི་མན་གྱིས་ས་དི་ཨ་རབ་དང་ཀྲུང་གོའི་འབྲེལ་བ་བཙུགས་ནས་ལོ་ངོ་20འགོར་བའི་རིང་ལ་རྒྱལ་ཁབ་གཉིས་ཀྱི་འབྲེལ་བ་བརྟན་བརླིང་ངང་འཕེལ་རྒྱས་སུ་འགྲོ་བཞིན་འདུག ས་དི་ཨ་རབ་དང་ཀྲུང་གོ་གཉིས་ལ་ཁྱབ་རྒྱ་ཡངས་པའི་ཐུན་མོང་གི་ཁེ་ཕན་མང་པོ་ཡོད་ལ་དེ་དག་གིས་འཛམ་གླིང་ཞི་བདེ་དང་བརྟན་བརླིང་ལ་འགན་སྲུང་བྱེད་པར་ཕན་ནུས་གལ་ཆེན་འདོན་ཐུབ། ས་དི་ཨ་རབ་ཕྱོགས་ནས་ཀྲུང་གོའི་རྒྱུད་གཅིག་ལམ་གཅིག་གི་གྲོས་གཞིར་རྒྱབ་སྐྱོར་དང་ཀྲུང་གོའི་བཟོ་ཚོང་དང་དངུལ་འཇོག ནུས་ཁུངས། སློབ་གསོ། ཚན་རྩལ། བརྡ་འཕྲིན་བདེ་འཇགས་སོགས་ཁྱབ་ཁོངས་ཀྱི་མཉམ་འབྲེལ་ལ་ཤུགས་སྣོན་བྱ་འདོད་ཅེས་བསྟན།། 

 


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1