ཞི་ཅིན་ཕིང་གིས་ས་དི་ཨ་རབ་ལ་རྒྱལ་དོན་འཚམས་འདྲི་གནང་།

རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 01-20


  སྤྱི་ཟླ་1པའི་ཚེས་19ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ས་དི་ཨ་རབ་ལ་རྒྱལ་དོན་འཚམས་འདྲི་གནང་འགོ་ཚུགས།

  ཞི་ཅིན་ཕིང་གིས་ས་དི་ཨ་རབ་ཀྱི་མི་དམངས་ལ་ལྷག་སེམས་རྣམ་དག་གིས་འཚམས་འདྲི་དང་སྨོན་འདུན་ཞུས་ཤིང་ཁོང་གིས་ཀྲུང་གོ་དང་ས་དི་ཨ་རབ་གཉིས་ཀྱིས་འབྲེལ་བ་བཙུགས་ནས་ལོ་ངོ་26འགོར་བའི་རིང་ལ། ཕྱོགས་གཉིས་ཀྱི་འབྲེལ་བ་མཆོང་སྐྱོད་ཀྱི་འཕེལ་རྒྱས་བྱུང་ཞིང་རྒྱལ་ཁབ་གཉིས་ཀྱི་ཆབ་སྲིད་ཡིད་ཆེས་རྒྱུན་ཆད་མེད་པར་གཏིང་ཟབ་ཏུ་ཕྱིན་པ་དང་ཁྱབ་ཁོངས་སོ་སོའི་མཉམ་འབྲེལ་ལ་གཡུར་དུ་ཟ་བའི་འབྲས་བུ་བླངས་ཏེ་རྒྱལ་ཁབ་གཉིས་ཀྱི་མི་དམངས་ལ་བདེ་སྐྱིད་ཆེན་པོ་བསྐྲུན།  ཐེངས་འདིའི་འཚམས་འདྲིའི་སྐབས་སུ་ངས་རྒྱལ་པོ་ས་ལི་མན་དང་ལྷན་དུ་ཕྱོགས་གཉིས་ཀྱི་འབྲེལ་བ་དང་ཐུན་མོང་གིས་དོ་སྣང་བྱེད་བཞིན་པའི་རྒྱལ་སྤྱི་དང་ས་གནས་གནད་དོན་ཐད་གཏིང་ཟབ་པའི་བསམ་འཆར་བརྗེ་རེས་བྱས་ཏེ་ཀྲུང་གོ་དང་ས་དི་ཨ་རབ་གཉིས་ཀྱི་མཉམ་འབྲེལ་སྔར་ལས་ལེགས་པའི་འཕེལ་རྒྱས་འགྲོ་བར་སྐུལ་འདེད་གཏང་འདོད། ཐེངས་འདིའི་འཚམས་འདྲི་ནི་གྲུབ་འབྲས་ཀྱིས་ཕྱུག་པའི་འགྲུལ་བཞུད་ཅིག་ཡིན་པར་ཡིད་ཆེས་ཡོད་ལ། འདིས་ཀྲུང་གོ་དང་སི་དི་ཨ་རབ་གཉིས་ཀྱི་ཁྱབ་ཁོངས་སོ་སོའི་མཉམ་འབྲེལ་སྐས་རིམ་གསར་པ་ཞིག་ཏུ་འཕེལ་བར་རོགས་འདེགས་ཀྱི་ནུས་པ་ཐོན་ཐུབ་པར་མ་ཟད། མཚོ་ཁུགས་མཉམ་འབྲེལ་ཨུ་ཡོན་ལྷན་ཁང་གི་རྒྱལ་ཁབ་ཐུན་མོང་གི་མཉམ་འབྲེལ་ཆུ་ཚད་མཐོར་འདེགས་སུ་གཏང་བར་ཕན་ནུས་གལ་ཆེན་ལྡན་ཞེས་བསྟན།།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1