༄༅།།ཚན་རྩལ།

རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 06-22



     1896.12.10)ནི་སི་ཌེན་གྱི་རྫས་འགྱུར་རིག་པ་དང་བཟོ་བཀོད་པ། གསར་གཏོད་པ། དམག་དོན་བཟོ་ལས་སྒྲིག་ཆས་བཟོ་སྐྲུན་ཚོང་ལས་དང་འབར་རྫས་ཀྱི་གསར་གཏོད་པ་ཡིན། ཁོང་འཚོ་བཞུགས་སྐབསBofors(པོ་ཧྥུ་སི)ཞེས་པའི་སྤྱི་གཉེར་ཁང་དེ་ངོ་མ་ཁོང་ལ་དབང་བ་ཡིན། སྤྱི་གཉེར་ཁང་དེར་ལོ་ངོ360ཡི་ལོ་རྒྱུས་ཡོད་ཅིང་དེ་སྔོན་གཙོ་བོ་རྣོ་ལྕགས་ཐོན་སྐྱེད་བྱེད་ཀྱི་ཡོད།  སྤྱི་གཉེར་ཁང་དེ་ཁོང་ལ་དབང་བའི་རྗེས་སུ་གཙོ་བོ་དམག་དོན་ཐོན་རྫས་བཟོ་བར་ཕྱོགས་པ་དང་། འཛམ་གླིང་དམག་ཆེན་གཉིས་པའི་སྐབས་སུ་སྤྱི་གཉེར་ཁང་འདིའི་ཐོན་རྫས་མང་པོ་ཞིག་ཕྱིའི་རྒྱལ་ཁབ་མང་པོ་ཞིག་གིས་ཐོན་སྐྱེད་བྱེད་དབང་སྤྲད་པ་དང་དམག་དཔུང་དུ་ཐོན་རྫས་དེ་རིགས་ལ་གདེང་འཇོག་ཡག་པོ་ཐོབ།  ནོ་པེལ་གྱི་མི་ཚེ་གང་པོར་ཆེད་ཁེའི་རྣམ་གྲངས་ཀྱི་གསར་གཏོད་ཁག་མི་འདྲ་བ355ཡོད་པ་མ་ཚད།  ཡོ་རབ་སོགས་གླིང་ཆེན་ལྔ་ཙམ་གྱི་རྒྱལ་ཁབ20ལ་སྤྱི་གཉེར་ཁང་དང་བཟོ་གྲྭ་ཧ་ལམ100ཙམ་བཙུགས་ནས་རྒྱུ་ནོར་འབོར་ཆེན་བསགས་ཡོད་པ་རེད།
 
     ཁོང་མ་འདས་གོང་གི་ལོ་མཐའ་མ་དེ་ལ་ཁོང་གིས་རང་གི་རྒྱུ་ནོར་ཕལ་ཆེ་བ(ཧ་ལམ་ཨ་སྒོར་ས་ཡ9དང་འབུམ2)ཐེབས་རྩ་བྱས་ནས་ལོ་རེའི་སྐྱེད་ཀ་དེ་ཁག་ལྔ་ལ་བགོས་རྗེས་དངོས་ལུགས་རིག་པ་དང་རྫས་འགྱུར་རིག་པ། ལུས་ཁམས་སམ་གསོ་བ་རིག་པ། རྩོམ་རིག་དང་ཞི་བདེ་བཅས་བྱ་དགའ་མི་འདྲ་བ་ཁག་ལྔ(ནོ་པེལ་བྱ་དགའ)བཙུགས་ནས་འཛམ་གླིང་རྒྱལ་ཁབ་ཚང་མའི་མི་སུས་ཁོངས་འདི་ལྔའི་ཐོག་ནས་མིའི་རིགས་ལ་ལེགས་སྐྱེས་ཆེན་པོ་འཇོག་ཚེ་དེ་ལ་བྱ་དགའ་གནང་རྒྱུའི་ཞལ་ཆེམས་བཞག་གནང་ཡོད།  ཁོང་གི་གསར་གཏོད་རྣམ་གྲངས་ནང་ནས་འབར་རྫས་ཆེས་སྙན་གྲགས་ཆེ་ཤོས་དེ་ཡིན།
 
     གྲུབ་འབྲས།
 
      ནོ་པེལ་ཁོང་ནི1833ལོའི་ཟླ10པའི་ཚེས21ཉིན་སི་ཌེན་གྱི་རྒྱལ་ས་སི་དྷི་ཀུ་ཝ་མོ་རུ་སྐུ་འཁྲུངས་པ་དང་།  མ་ཡུམ་ནི་རྨེན་བུའི་རྩ་སྦུབས་གསར་རྙེད་བྱུང་ནས་སི་ཝེས་དན་གྱི་སྙན་གྲགས་ལྡན་པའི་དངོས་མང་རིག་པ་མཁས་པ་ཞིག་ཏུ་གྱུར་ཞིང་། མོ་ནི་ལུའུ་དྷི་པེ་ཁེ་ཡི་གདུང་རྒྱུད་ཡིན།  ནོ་པེལ་གྱིས་རང་གི་ཡབ་ཡིད་མན་ཉཱོ་ནོ་པེལ་གྱི་ས་ནས་བཟོ་ལས་རིག་པའི་རྨང་གཞི་སྦྱངས་པ་དང་། ཁོང་ཡང་རང་གི་ཡབ་ལྟར་གསར་གཏོད་ཀྱི་འཇོན་ཐང་ཆེན་པོ་ཡོད།  ཁོང་གི་ཡབ་ཀྱང་གསར་གཏོད་པ་ཞིག་ཡིན་ཞིང་ཨུ་རུ་སུར་འཕྲུལ་ཆས་བཟོ་གྲྭ་ཆེ་གྲས་ཤིག་ཡོད། 1840—1859ལོར་ཁོང་གི་ཡབ་ཀྱིས་ཧྲིང་པི་དྷི་པའོ་ལ་ཆུ་འོག་འབར་མདེལ་གྱི་ཐོན་སྐྱེད་རྒྱ་ཆེན་མཛད་ཅིང་། ཆུ་འོག་འབར་མདེལ་དེ་དག་དང་དེ་མིན་གྱི་མཚོན་ཆ་ཁག་དེ་སྔ་ཁུ་ལི་མི་ཡ་དམག་འཁྲུག་ཏུ་སྤྱད་མྱོང་། ཁོང་གི་ད་དུང་ཁྱིམ་དུ་དྲོད་གསོ་བྱེད་ཀྱི་ཁྲོ་ཐབ་མ་ལག་དང་ཤིང་འཁོར་བཟོ་བྱེད་ཀྱི་འཕྲུལ་འཁོར་གསར་གཏོད་བྱས་པ་དང་ཐོ་བ་ཆེན་པོའི་ཇུས་འགོད་དང་བཟོ་སྐྲུན་བྱས་པ་མ་ཟད་བཟོ་གྲྭའི་སྒྲིག་ཆས་ལ་ལེགས་བཅོས་བྱས་ཡོད། 
 
      1853ལོའི་ཟླ5པར་ཨུ་རུ་སུའི་གོང་མ་ནི་གུ་ལ་སྐུ་ཕྲེང་དང་པོས་ཡིད་མན་ཉཱོ་ནོ་པེལ་གྱི་མཛད་རྗེས་ལ་བསྟོད་བསྔགས་བྱེད་རྒྱུའི་ཆེད་དུ་དམིགས་བསལ་གྱིས་ཁོང་ལ་བྱས་རྗེས་གཟེངས་རྟགས་གཟེངས་བསྟོད་གནང་།  ཡབ་ཀྱི་ཇི་སྲིད་བར་དུ་རྫོགས་མཐའ་མེད་པའི་གསར་གཏོད་ཀྱི་སྙིང་སྟོབས་ཀྱི་ཤུགས་རྐྱེན་དང་སྣེ་ཁྲིད་འོག  ནོ་པེལ་ཡང་འོད་སྟོང་འབར་བའི་ཚན་རིག་གསར་གཏོད་ཀྱི་ལམ་ཀར་བསྐྱོད་རྒྱུ་བྱུང་།
   
ནོ་པེལ།
 
     ནོ་པེལ་གྱི་ཁྱིམ་མི་རྣམས1842ལོར་སི་དྷི་ཀུ་ཝ་མོ་ནས་ཁ་བྲལ་ནས་སྐབས་དེར་ཧྲིང་པི་དྷི་པའོ(Питер)ཡོད་པའི་ཡབ་དང་ལྷན་འཛོམས་བྱུང་། ནོ་པེལ་གྱི་གསར་གཏོད་ཆེད་ཁེ299ལས129ནི་འབར་རྫས་དང་འབྲེལ་བ་ཡོད་པས་ནོ་པེལ་ལ་འབར་རྫས་ཀྱི་རྒྱལ་པོ་ཞེས་འབོད་སྲོལ་ཡོད།  ཁོང་གཉེན་སྒྲིག་མ་མྱོང་བ་ལ་ཕྲུ་གུ་ཡང་མེད།  མི་ཚེའི་དུས་ཚོད་མང་ཆེ་བ་སྙུང་གཞིའི་མནར་གཅོད་བསྲན་ནས་ཡོང་ཞིང་། ཁོང་ལ་སྐད་གྲགས་ཆེ་བའི་གསུང་ཚིག་གཉིས་ཡོད་པ་སྟེ“ངས་གསོན་པོའི་གྲོད་པ་ལ་སེམས་འཁུར་མང་བ་བྱེད་པ་ལས་འདས་པོ་ལ་རྡོ་རིང་སོགས་བཞེངས་ནས་དྲན་གསོ་བྱེད་མི་འདོད”ཅེས་དང་།  "ངས་ང་རང་ལ་མཚན་སྙན་གང་ཡང་ཐོབ་དགོས་པ་ཞིག་མཐོང་གིན་མི་འདུག་ལ།  དེར་སྤྲོ་བའང་ཅི་ཡང་མི་འདུག”ཅེས་པ་དེ་རེད།  ཅི་འདྲའི་དོན་སྙིང་ལྡན་པའི་སྐད་ཆ་ཞིག་མ་རེད་དམ། མཚམས་རེར་རྣ་བར་སྙན་པའི་གཏམ་དེ་དོན་ལ་ཕན་པ་ཆུང་འགྲོ


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1