རྩེ་གྲས་རྒྱལ་ཁབ་ཀྱི་རིམ་ཐོ་ཁྱབ་བསྒྲགས་བྱས།

རྣམ་དཀར་ལྷ་མོས་བསྒྱུར། རྩོམ་སྒྲིག་པ།རྣམ་དཀར་ལྷ་མོ། ཡོང་ཁུངས།མི་དམངས་དྲ་བ། སྤེལ་དུས། 01-22


          སྤྱི་ཟླ་1པའི་ཚེས་20ཉིན་ཨ་རིའི་ཧྲི་དབྱིན་དྲ་བར་གསར་བསྒྲགས་བྱས་པ་ལྟར་ན་2016ལོའི་རྩེ་གྲས་རྒྱལ་ཁབ་ཀྱི་རིམ་ཐོ་ཁྱབ་བསྒྲགས་བྱས་ཤིང་འཇར་མན་རྒྱལ་ཁབ་ཨང་དང་པོ་དང་ཀྲུང་གོ་ཨང་བཅུ་བདུན་པ་རེད།

《ཨ་རིའི་གསར་འགྱུར་དང་འཛམ་གླིང་གི་ཁྱབ་བསྒྲགས།》ཀྱིས་ཚེས་20ཉིན་ཏ་ཨའོ་སུ་རུ་བསྒྲགས་པའི་2016ལོའི་རྩེ་གྲས་རྒྱལ་ཁབ་ཞེས་པའི་སྙན་ཞུ་རུ་རྒྱལ་ཁབ་60ལ་དབྱེ་ཞིབ་བྱས་ཏེ། རྒྱལ་ཁབ་སོ་སོའི་རྒྱུན་མཐུན་རང་བཞིན་དང་ཡུལ་སྐོར་ཡིད་འགུག་ནུས་ཤུགས། རིག་གནས་ཀྱི་ཤུགས་རྐྱེན་ཐེབས་ཚད། འདུས་སྡོད་སྟབས་བདེའི་ཚད། ཚོང་ལས་གསར་སྤེལ་གྱི་ཚད། འཚོ་བའི་སྤུས་ཚད། ཁེ་ལས་པའི་སྙིང་སྟོབས་དང་རྒྱལ་ཁབ་ཀྱི་དངོས་ཤུགས་སོགས་དམིགས་ཚད་24ལ་བསམ་གཞིག་དང་དཔྱད་ཞིབ་གནང་བར་མ་ཟད་རྒྱལ་ཁབ་36གི་ཚོང་ལས་ལས་རིགས་ཀྱི་གཙོ་འཛིན་དང་ཤེས་ལྡན་མི་སྣ། སྤྱི་གྲགས་མི་སྣ་སོགས་མི་ཁྲི་1.62ལ་བརྟག་དཔྱད་དང་གཞི་གྲངས་བསྡུ་རུབ་བྱས། སྙན་ཞུ་ལས་ཨང་བཅུ་ཡི་ནང་ཚུན་པའི་རྒྱལ་ཁབ་ནི་འཇར་མན་དང་ཁ་ན་ཏ། དབྱིན་ཇི། ཨ་རི། སི་ཝེས་དན། ཨོ་སི་ཐྲ་ལི་ཡ། འཇར་ཕན། ཧྥ་རན་སི། ཧོ་ལན། དན་མག་བཅསཡིན།

ཀྲུང་གོ་ཨང་བཅུ་བདུན་པར་ཚུད་ཅིང་འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་དག་ལས་ཆེས་སྔོན་གྲས་དང་དཔལ་འབྱོར་ཤུགས་རྐྱེན་ཐེབས་ཚད་ཀྱི་སྐར་མ་ཨ་རིའི་ལས་བརྒལ།།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1