ལི་ཁེ་ཆང་གིས་དུས་བཅད་ལྟར་འཇར་མན་གྱི་ཙུང་ལི་མོའོ་ཁེར་ལ་ཁ་པར་བཏང་།

རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 01-22


  སྤྱི་ཟླ་1པའི་ཚེས་21ཉིན། སྤྱི་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལི་ཁེ་ཆང་གིས་དུས་བཅད་ལྟར་འཇར་མན་གྱི་ཙུང་ལི་མོའོ་ཁེར་ལ་ཁར་པར་བཏང་སྟེ་ཀྲུང་གོ་དང་འཇར་མན་གཉིས་ཀྱི་འབྲེལ་བ་དང་ཐུན་མོང་གིས་ཐུགས་ཁུར་བྱེད་བཞིན་པའི་རྒྱལ་སྤྱི་དང་ས་གནས་གནད་དོན་གྱི་ཐད་ནས་དགོངས་འཆར་བརྗེ་རེས་གནང་།
  ལི་ཁེ་ཆང་གིས་འདས་པའི་ལོ་གཅིག་གི་ཀྲུང་གོ་དང་འཇར་མན་གྱི་འབྲེལ་བའི་འཕེལ་རྒྱས་ཀྱི་གྲུབ་འབྲས་ལ་གདེང་འཇོག་གནང་ཞིང་ཀྲུང་གོ་ཕྱོགས་ནས་འཇར་མན་དང་མཉམ་དུ་མཐོ་རིམ་འབྲེལ་འདྲེས་རྒྱུན་འཁྱོངས་དང་ཁྱབ་ཁོངས་སོ་སོའི་དངོས་དོན་འབྲེལ་བར་ཤུགས་སྣོན། ལྷག་པར་ཀྲུང་གོའི་བཟོ་སྐྲུན་2025ཞེས་པ་དང་འཇར་མན་གྱི་བཟོ་ལས་4.0གཉིས་ཀྱི་སྦྲེལ་མཐུད་ལ་གྲུབ་འབྲས་ཐོབ་པར་སྐུལ་འདེད་གཏང་སྟེ་ཕྱོགས་གསུམ་པའི་ཚོང་རའི་མཉམ་འབྲེལ་དང་རྒྱལ་སྤྱིའི་ལས་དོན་ཁྲོད་ཀྱི་མཐུན་སྦྱོར་ལ་ཤུགས་སྣོན་བྱ་འདོད། ད་ལོར་སྤེལ་རྒྱུ་ཡིན་པའི་ཁག་བཞི་བའི་ཀྲུང་གོ་དང་འཇར་མན་སྲིད་གཞུང་གི་གྲོས་ཞིབ་ཀྱིས་ཀྲུང་གོ་དང་འཇར་མན་གྱི་འབྲེལ་བ་དང་མཉམ་འབྲེལ་ལ་རྒྱུན་ཆད་མེད་པར་སྐུལ་ཤུགས་གསར་པ་བསྣན་པར་རེ་བ་ཡོད་ལ། འཇར་མན་ཕྱོགས་ནས་ཡོ་རོབ་གླིང་མནའ་འབྲེལ་གྱིས་དུས་ལྟར་《ཀྲུང་གོ་འཛམ་གླིང་ཉོ་ཚོང་རྩ་འཛུགས་ཁྲོད་ཞུགས་པའི་གྲོས་མཐུན་ཡི་གེ》ནང་གི་འབྲེལ་ཡོད་ཁས་ལེན་ལག་བསྟར་བྱེད་པ་དང་ཀྲུང་གོ་དང་ཡོ་རོབ་གླིང་ཉོ་ཚོང་གི་རྩོད་གཞི་འོས་མཐུན་སྒོས་ཐག་གཅོད་བྱ་དགོས་པ་དང་དེ་མིན་ཀྲུང་གོ་དང་ཡོ་གླིང་གླིང་བར་གྱི་དངུལ་འཇོག་གྲོས་མཐུན་གྲོས་མོལ་སོགས་ཀྱི་ཐད་ལ་མུ་མཐུད་དུ་དྲང་ཕྱོགས་ཀྱི་ནུས་པ་འདོན་པར་སྐུལ་འདེད་གཏང་དགོས་ཞེས་བསྟན། 
མོའོ་ཁེར་གྱིས་འདས་པའི་ལོ་གཅིག་གི་ནང་འཇར་མན་དང་ཀྲུང་གོའི་འབྲེལ་བ་དང་ཁྱབ་ཁོངས་སོ་སོའི་མཉམ་འབྲེལ་ལ་གཡུར་དུ་ཟ་བའི་གྲུབ་འབྲས་བླངས། འཇར་མན་ཕྱོགས་ནས་ཀྲུང་གོ་དང་ལྷན་དུ་འཕེལ་རྒྱས་འཐབ་ཇུས་སྦྲེལ་མཐུད་བྱས་ཏེ་ཕྱོགས་གསུམ་པའི་ཚོང་རའི་མཉམ་འབྲེལ་འདུས་པའི་ཁྱབ་ཁོངས་སོ་སོའི་མཉམ་འབྲེལ་ལ་ཤུགས་སྣོན་བྱ་འདོད་ཡོད་ལ། ད་ལོར་ཀྲུང་གོར་ཡོང་སྟེ་ཙུང་ལི་ལི་ཁེ་ཆང་དང་ལྷན་དུ་ཁག་བཞི་བའི་འཇར་མན་དང་ཀྲུང་གོ་སྲིད་གཞུང་གི་གྲོས་ཞིབ་ལ་འགོ་འཛིན་བྱེད་པར་རེ་སྒུག་བྱེད་བཞིན་ཡོད། འཇར་མན་ཕྱོགས་ནས་ཡོ་རོབ་གླིང་དང་ཀྲུང་གོའི་འབྲེལ་བ་དང་མཉམ་འབྲེལ་འཕེལ་རྒྱས་ཐད་ལ་སྐུལ་འདེད་གཏང་འདོད་ཅེས་བསྟན།། 


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1