ཨ་རིའི་ཨ་ལ་སི་ཀཱ་ཀྲུའུ་ལ་ཚད་རིམ་6.8ཀྱི་ས་འགུལ་བྱུང་།

རྣམ་དཀར་ལྷ་མོས་བསྒྱུར། རྩོམ་སྒྲིག་པ།རྣམ་དཀར་ལྷ་མོ།ཡོང་ཁུངས།མི་དམངས་དྲ་བ། སྤེལ་དུས། 01-25


    ཚེས་24ཉིན་གྱི་མཚན་མོ་དུས་ཚོད་1དང་སྐར་མ་30ཡི་སྟེང་ཨ་རིའི་ཨ་ལ་སི་ཀཱ་ཀྲུའུ་ཡི་དབུས་ལྷོ་ས་ཁུལ་དུ་རིམ་པ་6.8ཀྱི་ས་འགུལ་བྱུང་ཞིང་འགུལ་གནས་ཀྱི་སྡོད་དམངས་མང་ཆེ་ཤོས་ལ་འགུལ་ཚོར་བྱུང་། འོན་ཀྱང་ཐེངས་འདིའི་ས་འགུལ་ལས་མཚོ་རླབས་མ་འཕྱུར་པ་དང་ཤི་རྨས་བྱུང་བའི་གནས་ཚུལ་ཅི་ཡང་མི་འདུག འགུལ་ལྟེ་ནི་ཁུ་ནའེ་ཕྱེད་གླིང་གི་ཨན་ཁུ་ཅའོ་ནུབ་རྒྱུད་ཀྱི་སྤྱི་ལེ་85ཡི་མཚམས་དང་ཨ་ལ་སི་ཀཱའི་ཆེས་ཆེ་བའི་གྲོང་ཁྱེར་ཨན་ཁུ་ལེ་ཆི་ལྷོ་ནུབ་ཀྱི་སྤྱི་ལེ་256གི་མཚམས་རེད། འགུལ་ཁུངས་ཀྱི་ཟབ་ཚད་ལ་སྤྱི་ལེ་80ཡོད་པ་རེད།།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1