ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གིས་ད་ལོར་དབང་བོ་སྐྱོན་ཅན་གྱི་མི་ཁྲི་92ལ་འཚོ་བའི་ཁ་གསབ་རོགས་དངུལ་སྤྲོད་རྒྱུ་རེད།

རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 01-25


    ད་ལོ་རང་རེའི་ཞིང་ཆེན་གྱིས་མུ་མཐུད་དུ་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་དམངས་འཚོའི་རྣམ་གྲངས་ཁྲོད་ཀྱི་དབང་བོ་སྐྱོན་ཅན་གྱི་དམངས་འཚོའི་རྣམ་གྲངས་8ལག་བསྟར་བྱེད་རྒྱུ་ཡིན་པ་དང་། ཕར་ཆེར་དབང་བོ་སྐྱོན་ཅན་གྱི་མི་ཁྲི་247.6ལ་ཕན་ཐོགས་རྒྱུ་རེད། དེའི་ནང་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གིས་དབང་བོ་སྐྱོན་ཅན་གྱི་མི་ཁྲི་92ལ་འཚོ་བའི་ཁ་གསབ་རོགས་དངུལ་སྤྲོད་རྒྱུ་རེད། འདི་ནི་གསར་འགོད་པས་སྤྱི་ཟླ་1པོའི་ཚེས་22ཉིན་འཚོགས་པའི་ཞིང་ཆེན་ཡོངས་ཀྱི་དབང་བོ་སྐྱོན་ཅན་མཉམ་འབྲེལ་ལྷན་ཚོགས་ལས་ཀའི་བརྙན་འཕྲིན་ཁ་པར་ཚོགས་འདུའི་སྟེང་ནས་རྒྱུས་ལོན་བྱུང་བའི་གནས་ཚུལ་རེད།།

    ན་ནིང་རང་རེའི་ཞིང་ཆེན་གྱིས་སྒོར་དུང་ཕྱུར་21.88བཏང་ནས་དབང་བོ་སྐྱོན་ཅན་གྱི་དམངས་འཚོ་རྣམ་གྲངས་12ལག་བསྟར་བྱས་ཡོད་ལ། དབང་བོ་སྐྱོན་ཅན་གྱི་མི་གྲངས་ཁྲི་242ལ་ཕན་ཐོགས་ཡོད། དེ་དག་ཚང་མས་ལོ་རྒྱུས་ཀྱི་ཆེས་མཐོ་བའི་ཟིན་ཐོ་བསྐྲུན་པ་རེད།།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1