ཞིང་ཆེན་སྲིད་གྲོས་སྐབས་བཅུ་གཅིག་པའི་གྲོས་ཚོགས་ཐེངས་བཞི་བའི་ཚོགས་འདུའི་སྟེང་གྲོས་གཞི་660བླངས་ཟིན།

རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 01-25


     གསར་འགོད་པས་སྤྱི་ཟླ་1པོའི་ཚེས་24ཉིན་ཞིང་ཆེན་སྲིད་གྲོས་ཀྱི་སྐབས་བཅུ་གཅིག་པའི་གྲོས་ཚོགས་ཐེངས་བཞི་བའི་ཚོགས་འདུའི་ཐེངས་དང་པོའི་གྲོས་གཞི་ཞིབ་གཤེར་ཚོགས་འདུའི་སྟེང་ནས་རྒྱུས་ལོན་བྱུང་བ་ལྟར་ན། ཉིན་དེའི་ཉིན་དགུང་ཆུ་ཚོད་12པའི་བར་དུ། ཚོགས་ཆེན་གྱི་གྲོས་གཞི་ཚོགས་ཆུང་གིས་གྲོས་གཞི་ཁྱོན་660བསྡུས་པ་རེད།
     གྲོས་ཚོགས་སྟེང་ནན་གྱིས་བསྟན་དོན། གྲོས་གཞི་ཞིབ་གཤེར་ལས་ཀའི་ཁྲོད་ནང་ལ་ཡོང་དུས་གུ་ཡངས་དང་ཕྱི་ལ་འབུད་དུས་ནན་ཏན་བྱེད་པའི་རྩ་དོན་གཞིར་བཟུང་སྟེ་གྲོས་གཞིའི་གྲངས་འབོར་དོན་གཉེར་མི་བྱེད་པ་དང་།སྟབས་བདེ་སྒོས་གྱོད་དོན་ཐོ་འགོད་བྱེད་ཚད་བསྙེག་པར་མི་བྱེད།
     གྲོས་གཞིའི་སྤུས་ཚད་ཀྱི་ནང་འཇུག་འགག་སྒོ་ནན་མོ་བྱ་ཆེད། ཞིང་ཆེན་སྲིད་གྲོས་ཀྱི་གྲོས་གཞི་ཨུ་ལྷན་གྱིས་《གྲོས་གཞིའི་ཚོགས་ཆུང་གི་གྲོས་གཞིའི་ཐོག་མའི་ཞིབ་བཤེར་གྱི་དཔྱད་གཞིའི་ཡིག་ཆ།》བཟོས་ཤིང་། ཞིབ་ཕྲའི་ངང་དེའི་ནང་དུ་བཏོན་པའི་དོན་གཅོད་དབང་ཆ་ནི་ཀྲུང་དབྱང་ལ་དབང་བ་གསལ་སྟོན་བྱས་པ་སོགས་གྱོད་དོན་ཐོ་འགོད་མི་བྱེད་པའི་གནས་ཚུལ་རིགས་16བཏོན་པ་དང་། ཐེངས་འདིའི་གྲོས་གཞིའི་ཐོག་མའི་ཞིབ་བཤེར་ལས་ཀ་ནང་དུ་ཚོད་ལྟའི་ལག་བསྟར་བྱས་ཡོད། 
     ཞིང་ཆེན་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་ཏེ་ཀྲན་ཡེ་ཚོགས་འདུར་ཞུགས་པ་མ་ཟད་གསུང་བཤད་ཀྱང་གནང་།།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1